དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་ལ་རྟོག་ཞིབ་ཏུ་ཕེབས་ནས་བཞུགས་མོལ་གནང་བ།

    དབྱི་ལི་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གནས་ཚུལ་ངོ་སྤྲོད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-24

    ཟླ་6ཚེས་21ཉིན། པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་འཐུས་མི་ཚོགས་པས་སློབ་མའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ཟླ་6ཚེས་21ཉིན། པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་ལ་རྟོག་ཞིབ་གནང་བར་ཕེབས་ཏེ་བོད་ལྗོངས་དང་པེ་ཅིང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་21ཉིན། པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ། བོད་ལྗོངས་དང་པེ་ཅིང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱི་ལི་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཞ་ལིན་མའོ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་ཁག་སོ་སོས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག དབྱི་ལི་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་པེ་ཅིང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་ཇུས་ཤིག་རེད། པེ་ཅིང་གིས་སྣེ་ཁྲིད་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམ་པོར་དམིགས་ཏེ། ལོ་30ཡི་རིང་བོད་སྐྱོར་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། དུས་རབས་གསར་པར་ཁ་གཏད་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན།

     ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་བོད་སྐྱོར་ལས་དོན་གྱི་གཙོ་རྐང་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་རྒྱུ་ཡིན། ཐོན་ལས་ལས་ཞུགས་ཀྱི་རོགས་སྐྱོར་དེ་བོད་སྐྱོར་ལས་དོན་གྱི་འགག་གནད་སྒྲོལ་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་པེ་ཅིང་གི་ཁེ་ལས་བོད་དུ་མ་འཇོག་དང་ལས་དར་བྱེད་པར་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན། རིག་གནས་སློབ་གསོའི་རོགས་སྐྱོར་དེ་བོད་སྐྱོར་ལས་དོན་གྱི་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“ཅིང་ཚའེ་ལྷ་ས”རིག་གནས་རོགས་སྐྲུན་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་སྟེ་མཉམ་འདྲེས་རྣམ་པའི་ཚོགས་པ་ཅན་གྱི་འཚམས་འདྲི་སློབ་སྦྱོང་ལ་སྐུལ་ལྕག་བྱ་རྒྱུ་ཡིན། དམངས་འཚོ་འགན་སྲུང་དང་ལེགས་གཏོང་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་ཁུལ་དང་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་རྒྱུ་ཡིན། རིག་སྟོབས་ཤེས་ལྡན་པའི་རོགས་སྐྱོར་བོད་སྐྱོར་ལས་དོན་གྱི་འདེགས་སྐྱོར་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོ་སྨན་བཅོས་ཀྱི“ཚོགས་སྒྲིག་ཆེན་པོའི”རོགས་སྐྱོར་བྱེད་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་གྲོང་ཁྱེར་འཆར་འགོད་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་། ཁྲོམ་ར་གཉེར་སྐྱོང་སོགས་ཁྱབ་ཁོངས་ཀྱི་འཇམ་ཐབས་རྣམ་པའི“ཚོགས་སྒྲིག་ཆུང་ངུའི”ཤེས་ལྡན་པའི་རོགས་སྐྱོར་བྱ་རྒྱུ་ཡིན། པེ་ཅིང་དང་བོད་ལྗོངས་ཀྱིས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ཧུར་ཐག་གཏོད་རྒྱུའི་རེ་བ་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཐད་མཉམ་ལས་གཏིང་ཟབ་བྱས་ནས་བོད་ལྗོངས་རྒྱལ་ཁབ་ལྗང་མདོག་གྲངས་གཞིའི་ལྟེ་གནས་དང་པེ་ཅིང་གྲངས་འཛིན་ཁེ་ལས་དབར་རྩིས་རྒྱག་ནུས་པ་མཁོ་སྤྲོད་འབྲེལ་མཐུད་ལ་རྒྱབ་སྐྱོར་བྱེད་དགོས། ཡུལ་སྐོར་གསར་སྤེལ་ཐད་མཉམ་ལས་ཟབ་ཏུ་བཏང་ནས་ཁྲོམ་ར་ཕན་ཚུན་ཤར་བགྲོད་དང་། སྤུས་རྟགས་ཕན་ཚུན་དྲིལ་བསྒྲགས། ཡུལ་སྐོར་བ་ཕན་ཚུན་གཏོང་རེས་བཅས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་སྔོ་ལྗང་རི་ཀླུང་གསེར་རི་དངུལ་རིར་བསྒྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཐུན་མོང་ཐོག་འཚོལ་ཞིབ་བྱེད་དགོས། ཕྱི་ཕྱོགས་སྒོ་དབྱེའི་ཐད་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་ས་གནས་གཉིས་ཀྱི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཐུན་མོང་ཐོག་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་པེ་ཅིང་གྲོང་ཁྱེར་གྱིས་པེ་ཅིང་གི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་པེ་ཅིང་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་བས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། པེ་ཅིང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ང་ཚོ་སྤོབས་པ་བྱེད་འོས་པ་ཞིག་ཡོད། པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་ཕྱོགས་མཐའ་ཀུན་དང་། བང་རིམ་མང་བ། ཁྱབ་རྒྱ་མང་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཕྱོགས་གཉིས་ཀྱིས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་དངོས་དེ་བས་མང་བ་འཐོབ་རྒྱུའི་རེ་བ་ཡོད། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་བོད་ཀྱི་ཐོན་ཁུངས་ཀྱི་རང་སྤུས་དང་། ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ཏེ་གྲངས་འཛིན་དཔལ་འབྱོར་དང་རྒྱུན་སྤྱོད་མཁའ་འགྲུལ་སོགས་ཀྱི་ཐོན་ལས་མཉམ་ལས་ཟབ་ཏུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་དགོས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་རིག་གནས་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ་བཅས་བྱེད་དགོས། སློབ་གསོ་ཚན་རྩལ་ཤེས་ལྡན་པའི་མཉམ་ལས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་མཐོ་སློབ་དང་ཁེ་ལས་གཙོ་བོར་བྱས་པའི་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ལག་རྩལ་དང་སློབ་གསོ་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དེ་བས་མང་བ་བོད་དུ་ལས་ཀ་བྱེད་པར་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དེ་བཞིན་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་གནད་ལ་འཁེལ་ཚད་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་སྐྱེ་ཁམས་སྲུང་སྐྱོང་སོགས་སྤྱི་འདོམས་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སྒོ་དབྱེ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྒོ་དབྱེའི་ལས་སྟེགས་དེ་བས་མང་བ་སྐྲུན་པ་དང་། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་དབྱེའི་གསོན་ཤུགས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བོད་དུ་ཞུགས་རིང་པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པས་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་དང་། བོད་ལྗོངས་གཡག་རྟེན་མཛོད་གླིང་། པེ་ཅིང་བོད་སྐྱོར་ལས་ཤག ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་བཅས་ལ་གཟིགས་སྐོར་དང་རྟོག་ཞིབ་གནང་སྟེ་དམངས་འཚོ་དང་། རིག་གནས། སློབ་གསོ་སོགས་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་པ། གཞི་རིམ་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།