དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-20

    ཚེས་17ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཝུའུ་དབྱིང་ཅེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པའི་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཀྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གིས་ཝུའུ་དབྱིང་ཅེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགྱུར་མེད་ཀྱི་སྙིང་སྟོབས་གང་ལེགས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་རུལ་རྒོལ་ཐད་བཀག་རྒྱ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བའི་ལངས་ཕྱོགས་གསལ་པོ་མཐའ་འཁྱོངས་གནང་བ་མཚོན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པར་དམིགས་བསལ་རང་བཞིན་གང་ཡང་མེད་པ་དང་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་མདུན་དུ“གོང་མའི་བཀའ་ཡིག་མཚལ་བྲིས་ལྕགས་ཤོག་མ”གང་ཡང་མེད་པའི་བརྡ་རྟགས་དྲག་པོ་གང་ལེགས་མངོན་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཝུའུ་དབྱིང་ཅེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་གནད་དོན་དྲན་སྐུལ་དུ་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཉེན་བརྡ་རྒྱུན་དུ་སྒྲོག་སྟེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུར་སྣེ་ཁྲིད་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱ་རྒྱུ་སྣེ་ཁྲིད་པ། ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྣེ་ཁྲིད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་བྱེད་པ་དང་། འགན་འཁྲི་ནན་པོ་འཁུར་བ། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”བསམ་བློ་སྔར་བས་བརྟན་པོར་འཛུགས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་སྔར་བས་དམ་ནན་དུ་བཏང་ནས་དྭངས་གསལ་དང་། དྭངས་གཙང་། གཞུང་དྲང་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྣེ་ཁྲིད་དེ་གཏོད་དགོས། གཅིག་ནས་སྒྲིག་ཁྲིམས་བློ་ལ་བརྟན་པོར་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་རང་ལ་དྲན་སྐུལ་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཆུ་རགས་ལེ་དབར་སྟོང་ལྡན་དེ་གྲོག་ཚང་གཅིག་གིས་ཕུང་བར་འགྱུར་བ་བློ་ལ་བརྟན་པོར་བཅངས་པ། ཐོག་མཐའ་བར་གསུམ་དུ་སྒྲིག་ལམ་ནན་སྲུང་དང་མཐའ་ཚད་ལས་མི་འགལ་བ་བཅས་བྱས་ནས། ཏང་ལ་བློ་དཀར་དང་། ཏང་གི་སེམས་ཁྲལ་སེལ་བ། ཏང་གི་འགན་འཁྲི་འཁུར་བ། ཏང་གི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། དམིགས་བསལ་མི་བྱེད་པ་དང་། འཐེན་སྐུམ་མི་བྱེད་པ། བབ་བསྟུན་མི་བྱེད་པ་བཅས་བྱས་ཏེ་སྐད་ཆ་དྲང་པོ་དྲང་གཞག་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་དྲང་གཞག་བྱེད་པ་བཅས་བྱེད་དགོས། གཉིས་ནས་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་དུས་དང་རྣམ་པ་ཀུན་ཏུ་རང་ཚོད་ཟིན་པ་དང་། གྱོད་གཞི་མིག་དཔེར་འཛིན་པ་དང་བསླབ་བྱར་བྱེད་པ། རང་ལ་མེ་ལོང་མང་ཙམ་ལྟ་བ་དང་གྲི་དངོ་ནང་དུ་གཏད་པ་བཅས་ཀྱི་རང་སྐྱོན་རང་བརྟག་གི་སྙིང་སྟོབས་ཐོག་ནས་བསམ་བློར་བྱི་དོར་རྟག་ཏུ་བྱེད་པ་དང་། འདོད་རྔམ་གྱི་གནོད་འཚེ་རྟག་ཏུ་བསམ་པ། སེམས་ཀྱི་ཆོམ་རྐུན་རྟག་ཏུ་འདུལ་བ་བཅས་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། མཚན་སྙན། ཁྱིམ་ཚང་། གཉེན་ཉེ། རང་དབང་། བདེ་ཐང་བཅས་ཀྱི་རྩིས་ཡག་པོ་རྒྱག་པ་དང་ཆབ་སྲིད་ཀྱི་འགག་སྒོ་དང་། དབང་ཆའི་འགག་སྒོ དངུལ་གྱི་འགག་སྒོ གྲོགས་སྒྲིག་གི་འགག་སྒོ མཛེས་མའི་འགག་སྒོ དུས་ཆེན་གྱི་འགག་སྒོ འཚོ་བའི་འགག་སྒོ ཁྱིམ་ཚང་གི་འགག་སྒོ་བཅས་ཡག་པོ་བསྲུངས་ནས་ཁེ་ཕན་ཕྲན་བུར་གཡོ་འགུལ་མི་ཐེབས་པ་དང་བག་མེད་རྒྱས་སྤྲོས་ལ་མགོ་མི་འཁོར་བར་དྲང་པོ་དྲང་གཞག་གིས་དབང་ཆ་སྤྱོད་པ་དང་། སྙོམ་ཆུང་ཚུལ་ལྡན་གྱིས་ལས་ཀ་བྱེད་པ། བདེན་པ་བདེན་ཐུབ་ཀྱི་མི་བྱེད་པ་བཅས་བྱེད་དགོས། གསུམ་ནས་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་དུས་དང་རྣམ་པ་ཀུན་ཏུ་རང་གཅུན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་དད་སེམས་མི་འགྱུར་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ། ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཁྱོག་པ་བཅས་བྱེད་དགོས། རང་ཉིད་ཀྱི“ཐོབ་ཐང་དང་པོ”ནི་གུང་ཁྲན་ཏང་ཡོན་ཡིན་པ་དང་། “ལས་རིགས་དང་པོ”ནི་ཏང་གི་ཆེད་དུ་ལས་ཀ་བྱེད་མཁན་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ཏེ། དབང་ཆ་འཁོར་སྐྱོད་ཀྱི“འགག་རྩའི་ལྷུ་ཚིགས”དང་། ནང་ཁུལ་དོ་དམ་གྱི“ཉམས་ཞན་ལྷུ་ཚིགས” གནད་དོན་འབྱུང་སླ་བའི“ཉེན་ཁའི་ལྷུ་ཚིགས”བཅས་ལ་དམིགས་ནས་རང་རྟོགས་ངང་སྒྲིག་ཁྲིམས་ལ་གུས་ཤིང་སྐྲག་པ་དང་། རང་གཅུན་ནན་པོ། གཅུན་འདོམས་གོམས་གཤིས་སུ་འགྱུར་བ་བཅས་བྱེད་དགོས་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་སྣེ་ཁྲིད་དང་། ཏང་གི་སྒྲིག་ཁྲིམས་སྲུང་རྒྱུ་སྣེ་ཁྲིད། མ་འབྱུང་སྔོན་འགོག་དང་ནད་གཞི་མ་འབྱུང་གོང་སྨན་བཅོས་བཅས་བྱས་ཏེ། རང་རྟོགས་ངང་སྤྱོད་བཟང་གཞུང་དྲང་གིས་ཆབ་སྲིད་ཁོར་ཡུག་གི་སྣེ་ཁྲིད་པ་དང་། སྐྲུན་མཁན། སྲུང་སྐྱོང་བྱེད་མཁན་བཅས་ཡག་པོ་བྱེད་དགོས།

    སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མིས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།