དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་སྲོལ་ཡིག(འཆར་ཟིན)》ཁྲིམས་འཛུགས་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-18

    ཉེ་ཆར། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་སྲོལ་ཡིག(འཆར་ཟིན)》ཁྲིམས་འཛུགས་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སུ་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ཚང་མས་སྲོལ་ཡིག་འཆར་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱེད་པ་དང་། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ལེགས་ཚོང་གཉེར་ཁོར་ཡུག་ལ་གཡས་གཞོགས་གཡོན་འདེགས་བཅས་བྱས་ནས་བོད་འདི་ཉིད་སྲིད་ཇུས་ཀྱི་གཤོང་ས་དང་། ཁོར་ཡུག་གི་མཐོ་ས། མ་འཇོག་གི་བདེ་ལྡན་ཞིང་ཁམས་བཅས་སུ་དངོས་འབྲེལ་འགྱུར་བ་བྱ་རྒྱུ་དེ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡན་ཆིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་བྱེད་པ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས། ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་སྲོལ་ཡིག་བཟོ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་བྱེད་པར་ལས་ཆོད་ཆེ་བའི་སྲིད་དོན་གྱི་ཁོར་ཡུག་དང་། དྲང་གཞག་གི་ཁྲོམ་རའི་ཁོར་ཡུག ནན་པའི་ཁྲིམས་སྐྱོང་གི་ཁོར་ཡུག ཡངས་པའི་མི་ཆོས་རིག་གནས་ཀྱི་ཁོར་ཡུག ལེགས་པའི་རྒྱུ་རྐྱེན་གཙོ་བོ་འགན་ལེན་གྱི་ཁོར་ཡུག་གཙོ་བོ་བཅས་ནི་འགག་རྩ་ཞིག་ཡིན་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།