དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-18

    ཉེ་ཆར། ལྗོངས་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་འཚོགས་ནས། ཉེ་བའི་ལོ་གསུམ་རིང་། རང་ལྗོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་ཕྱོགས་སྡོམ་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་ལས་དོན་གྱི་སྒྲིག་སྲོལ་དང་འཕྲོད་བསྟེན་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་གཏོད་ཀྱི་ཚད་གཞི་སོགས་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བར་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། གཙོ་གནད་ལས་འགན་ལ་དམིགས་པ་དང་། འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ནད་གཞི་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་གཏོད་བྱེད་སྒོ་སྤེལ་བ། བདེ་ཐང་བོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་ཐང་དང་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་གཏུག་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་སྤེལ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། དམངས་ཡོངས་ཀྱིས་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་རྣམ་པ་གསར་པ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།