དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་ལྕགས་རྟའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཁོར་འབྲེལ་ཧྲིལ་པོ་ནས་བཅོས་སྒྲིག་བྱེད་པའི་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-17

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་ལྕགས་རྟའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཁོར་འབྲེལ་ཧྲིལ་པོ་ནས་བཅོས་སྒྲིག་བྱེད་པའི་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གསན་པ་དང་། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་གློག་སྒུལ་ལྕགས་རྟ་དང་གློག་རྫས་ཀྱི་བདེ་འཇགས་ཚད་གཞི་ལག་བསྟར་ནན་པོ་བྱས་ནས་ཚད་གཞི་ལོན་མེད་པའི་ཐོན་རྫས་ཁྲོམ་རར་འཚོང་མི་ཆོག་པ་དང་། གཞི་གྲངས་ཁྱོན་ཡོངས་ནས་གསལ་རྟོགས་དང་ཐོ་འགོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ནང་ཚད་གཞི་ལོན་མེད་པའི་ཐོན་རྫས་ཕྱིར་འཐེན་བྱེད་དགོས། རིགས་དབྱེ་ཇུས་བསྟར་དང་བྱ་ཐབས་སྣ་མང་སྤྱད་དེ་གྲོང་མིའི་ཁུལ་ཆུང་གི་འཁོར་འཇོག་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། སྒྲིག་འགལ་ངང་འཁོར་འཇོག་གློག་གསོག་བྱེད་པ་དང་། ཁྲིམས་འགལ་ངང་སྒྲིག་བཟོ་བྱེད་པ། སྤུས་ཞན་ཐོན་རྫས་ཕྱིར་ཚོང་བྱེད་པ། ལས་འཛོལ་ཐོན་སླ་བའི་འཁོར་རིགས་ཁུངས་འདེད་བྱེད་པ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་དགོས། དྲིལ་བསྒྲགས་ལག་བསྟར་དང་དྲན་སྐུལ་སློབ་གསོ་རྒྱ་ཁྱབ་སྤེལ་ནས་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དང་མང་ཚོགས་ཀྱིས་གློག་སྒུལ་ལྕགས་རྟ་ཚད་ལྡན་ངང་བེད་སྤྱོད་གཏོང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།