རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད‘གཙང་སེལ་གཉིས’”ཀྱི་ལས་དོན་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད‘གཙང་སེལ་གཉིས’”ཀྱི་ལས་དོན་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་རང་ལྗོངས་ཀྱི“གཙང་སེལ་གཉིས”ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་ཤིང་། ཚོགས་འདུའི་ཐོག་བསམ་བློའི་ངོས་འཛིན་དང་། ཕྱོགས་བསྡུས་འགོག་བཅོས། དྲིལ་བསྒྲགས་སློབ་གསོ་བཅས་ལྷོད་གཡེང་མི་གཏོང་བ་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་བརྟག་ཞིབ་ཀྱི་སྙན་སེང་དང་། བསམ་འཆར། གྲོས་འགོ་བཅས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྡེ་ཚན་མང་པོ་མཉམ་འགུལ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས། སྔོན་འགོག་དང་། གྲལ་བཤེར། ལྟ་ཞིབ་ཚད་ལེན། བཅོས་དགོས་རིགས་ཡོད་ཚད་བཅོས་པ། བདེ་ཐང་དྲིལ་བསྒྲགས་སློབ་གསོ། རྒྱུན་རྣམ་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་སོགས་ཀྱི་ལས་དོན་གཙོ་གནད་དུ་འཛིན་པ། ཐོན་སྐྱེད་བྱེད་ཐབས་ལེགས་སུ་གཏོང་བ་དང་གོམས་གཤིས་ངན་པ་སྒྱུར་བཅོས་བྱེད་པ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་དགོས་པའི་ནན་བཤད་བྱས་ཡོད།