དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་2024ལོའི་མཐོ་རྒྱུགས་རྒྱུགས་ཡིག་དཔྱད་བསྡུར་ལས་དོན་ལ་སྐོར་གཟིགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-17

     ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས་ས་ཡུལ་དངོས་སུ་རང་ལྗོངས་ཀྱི་2024ལོའི་མཐོ་རྒྱུགས་རྒྱུགས་ཡིག་དཔྱད་བསྡུར་ལས་དོན་ལ་སྐོར་གཟིགས་གནང་ཞིང་། རང་ལྗོངས་ཀྱི་མཐོ་རྒྱུགས་རྒྱུགས་ཡིག་དཔྱད་བསྡུར་བྱེད་ཚད་དང་། སྤུས་ཚད་ལྟ་སྐུལ། གསང་སྲུང་བླང་བྱ། འཕྲལ་སྡོམ་འགན་ལེན། རྒྱབ་ཕྱོགས་ཞབས་ཞུ་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།

    ལང་ཧྥུའུ་ཁོན་གྱིས། མཐོ་རྒྱུགས་རྒྱུགས་ཡིག་དཔྱད་བསྡུར་ནི་མཐོ་རྒྱུགས་ལས་དོན་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཐབས་ཇུས་དང་བཀོད་སྒྲིག་ལྟར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། རྒྱུགས་ཡིག་དཔྱད་བསྡུར་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཤུགས་ཆེ་རུ་གཏོང་བ། རྒྱུགས་ཡིག་དཔྱད་བསྡུར་ལས་དོན་གྱི་སྒྲིག་ཁྲིམས་དང་རྒྱུགས་ཡིག་དཔྱད་བསྡུར་གྱི་སྒྲིག་སྲོལ་ཞིབ་ཕྲ་དང་བླང་བྱར་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ནས་རྒྱུགས་ཡིག་དཔྱད་བསྡུར་ལས་དོན་བདེ་འཇགས་དང་། གོ་རིམ་ལྡན་པ། ནུས་ཆེ་བཅས་ཀྱི་སྒོ་ནས་ལེགས་གྲུབ་ཐུབ་པར་འགན་ལེན་བྱེད་དགོས་པ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུགས་ཡིག་དཔྱད་བསྡུར་དགེ་རྒན་ཚོར་བློ་བདེ་བག་ཕེབས་ཀྱི་རྒྱུགས་ཡིག་དཔྱད་བསྡུར་ཁོར་ཡུག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།