ཡན་ཅིན་ཧའེ་ཡིས་ལྗོངས་ཁྲིམས་འཛིན་ཐིང་དུ་བརྟག་ཞིབ་གནང་བ།
ཚེས་12ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་བརྟག་ཞིབ་གནང་བ་རེད།
ཀྲང་ཧུང་པོ་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་ཐིང་བཀོད་འདོམས་ལྟེ་གནས་དང་། ཁྲིམས་སྐྱོང་སྐུལ་འདེད་ཁྲུའུ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ཁྲུའུ་བཅས་སུ་ཕེབས་ནས། ཆ་འཕྲིན་ཅན་འཛུགས་སྐྲུན་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གཏིང་ཟབ། ཁྲིམས་བཞིན་བོད་སྐྱོང་། དེ་བཞིན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བཅས་ཀྱི་ལས་ཀའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་འཚམས་འདྲིའང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲིམས་བཞིན་བོད་སྐྱོང”བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ལ་བརྩི་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་བཅུག་ནས། ང་ཚོས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་མཐའ་སྐྱོང་བོད་བརྟན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱར་གཞིགས་ཏེ་ལས་དོན་ཁག་ལ་སྔར་བས་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས། རྩ་བ་བརྟན་ཚུགས་དང་བརྟན་ལྷིང་ལ་འགན་ལེན་བྱེད་པར་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། ཚུགས་གནས་མཐོན་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ལ་དམིགས་པ། ཆེད་དོན་ཁྲིམས་འཛུགས་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་དགོས་པ་དང་། གཞི་རིམ་གྱི་དགོས་མཁོ་དང་མང་ཚོགས་ཀྱི་འདོད་བློར་དམ་པོར་དམིགས་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “བྱ་བ་གཅིག་ལེགས་པར་སྒྲུབ་པ་དང་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར”དམིགས་པ། “ཆུང་ངུ་དང་། མགྱོགས་པོ། སྟབས་བསྟུན”བཅས་ཀྱི་ཁྲིམས་འཛུགས་ཀྱི་བྱེད་སྟངས་ཧུར་ཐག་སྤྱད་དེ། “བཅད་ཁ་ཆུང་ངུའི”ཁྲིམས་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་དང་། ནུས་པ་ཆེ་རུ། ཕན་འབྲས་ཆེ་རུ་བཅས་གཏོང་དགོས། སྔོན་དཔག་བརྟན་པོ་དང་ཁོར་ཡུག་ལེགས་སུ་བཏང་ནས་རང་རྟོགས་ངང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་སྐུལ་འདེད་གཏོང་མཁན་དང་། ལག་ལེན་བསྟར་མཁན། སྲུང་སྐྱོང་བྱེད་མཁན་བཅས་བྱེད་པ་དང་། ཞབས་ཞུའི་ལམ་སྲོལ་དང་། དཔྱད་དཔོག་ལམ་སྲོལ། ལྟ་སྐུལ་ལམ་སྲོལ་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པ་དང་། ཁྲོམ་ར་ཅན་གྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་དབང་སྲུང་སྐྱོང་དོན་འཁྱོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་འདྲ་མཉམ་བྱ་རྒྱུ་དེ་ཁྲིམས་འཛིན་སྲིད་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་དགོས། དམངས་འཚོར་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་སྒྲིལ་བར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱེད་དགོས། “འདུམ་གསུམ་མཉམ་འགུལ”དང“དཔོན་པོ་གསུམ་དང་ཁོངས་མི་གཉིས”གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་གྲོང་ཚོ་གྲོང་ལྷན་གྱི་བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ས་ཁོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི“སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་འཁོར་རྒྱ”གཏོད་པ། གཞི་རིམ་གྱི“བཅའ་ཁྲིམས་རྟོགས་མཁན”གསོ་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ནས། མང་ཚོགས་ལ་མཐོང་ཚོར་ཐུབ་པ་དང་གནད་སྨིན་ཡོངས་ཁྱབ་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་དགོས། སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་མུ་མཐུད་སྐུལ་འདེད་གཏོང་བ། གྱོད་གཞི་དཔྱད་གཞིར་འཛིན་པ་དང་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་དཔུང་ཁག་གཏོད་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་། ཁྲིམས་སྐྱོང་གི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།