དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས《རྒྱལ་ཡོངས་ཀྱི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད(2024ལོ་ནས་2028ལོ་བར)》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ཟླ་6ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས《རྒྱལ་ཡོངས་ཀྱི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད(2024ལོ་ནས་2028ལོ་བར)》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། 《འཆར་འགོད་རྩ་གནད》ཀྱི་ལག་ལེན་བླང་བྱར་གོ་བ་གཏིང་ཟབ་བླངས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་དགོས་ཤིང་། གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་དང་མཐའ་སྐྱོང་བོད་བརྟན་གྱི་ཁྱོན་ཡོངས་ཁྲོད་བཞག་ནས་སྤྱི་འདོམས་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞུང་ལས་པའི་ལས་དོན་གྱི་ཚན་རིག་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དོན་དངོས་ལ་དམིགས་ཏེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་གཞུང་ལས་པའི་དཔུང་ཁག་འཛུགས་དགོས། 《འཆར་འགོད་རྩ་གནད》ཀྱི་བླང་བྱ་དང་བསྡུར་བ་བྱས་ཏེ་གཞུང་ལས་པའི་ལས་དོན་གྱི་དམིགས་ཚད་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བྱེད་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལས་པའི་དཔུང་ཁག་གྲུབ་ཚུལ་གྱི་ད་ཡོད་གནས་ཚུལ་དང་འགྱུར་ལྡོག་འགྲོ་ཕྱོགས་ལ་དབྱེ་ཞིབ་དང་། ཞིབ་འཇུག བརྡར་གཅོད་བཅས་བྱེད་པ། གཞི་ཁྱོན་གྱི་བཀོད་སྒྲིག་སྙོམས་སྒྲིག་ལུགས་མཐུན་བཅས་བྱས་ནས་འགྲོ་འོང་སྤྱི་ཡོངས་ནས་དོ་སྙོམས་དང་ཁྱབ་ཚུལ་དེ་བས་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བྱེད་ཐབས་སྣ་མང་སྤྱད་ནས་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།