དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་བོད་སྐྱོད་ཁྲིམས་འཛུགས་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་བོད་སྐྱོད་ཁྲིམས་འཛུགས་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡན་ཆིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བརྟག་ཞིབ་ཚོགས་ཆུང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩིས་གཉེར་བཅའ་ཁྲིམས་དང་བསྡོམས་རྩིས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་བཞིན་པའི་ཁྲིམས་འཛུགས་རྒྱབ་ལྗོངས་དང་། ནང་དོན་གཙོ་བོ། དེ་བཞིན་བོད་སྐྱོད་བརྟག་ཞིབ་ཀྱི་དམིགས་ཡུལ་བཅས་ངོ་སྤྲོད་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱི་འགན་འཁུར་བས་བརྟག་ཞིབ་ཚོགས་ཆུང་ལ་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ངོ་སྤྲོད་དང་ཁྲིམས་འཛུགས་དང་ཁྲིམས་འཛུགས་བཟོ་བཅོས་སྐོར་གྱི་གྲོས་འགོ་བཏོན་པ་རེད། ཕྱོགས་གཉིས་པོས་ལས་ཀའི་ཁྲོད་ཀྱི་དཀའ་གནད་དང་ཁྲིམས་འཛུགས་ཁྲོད་ཀྱི་གཙོ་གནད་སྐོར་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།