དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    ཚེས་7ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚེ་རིང་ཕུན་ཚོགས་ཀྱིས་རུ་སྣེ་ཁྲིད་དེ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་ཞིང་ལས་ཚན་རིག་ཁང་དུ་ཕེབས་ནས་ལས་འགན་ཚན་པ་དང་ལག་རྩལ་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ལས་སྒྲུབ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ལས་ཀའི་ཐད་བླང་བྱ་ཡང་བཏོན་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་རིམ་ཁག་སྡེ་ཚན་ཁག་དང་ལས་འགན་ཚན་པར་ཀྲུང་དབྱང་གི་ཆེད་དོན་ལས་དོན་གྱི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚད་གཞི་མཐའ་འཁྱོངས་དང་སྤུས་ཚད་དམ་འཛིན། ཚན་རིག་ཚད་ལྡན་དང་མྱུར་ཚད་མགྱོགས་གཏོང་། སྤྱི་འདོམས་ཤུགས་སྣོན་དང་མཐུན་སྦྱོར་དམ་ཚགས། གནད་སྨིན་ཞིབ་ཚགས་བཀོད་སྒྲིག གནས་ཀྱིས་གནས་ལ་བཀོད་གཏོང་དོན་འཁྱོལ། མ་དཔེ་བཟོ་བ་དང་ཚོད་ལྟ་ཁང་གི་ལྟ་ཞིབ་ཚད་ལེན་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སྤུས་ཚད་དང་མྱུར་ཚད་གཉིས་ཀ་མཐོར་གཏོང་དང་ས་རྒྱུ་ཡོངས་བཤེར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།