དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ​ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-09

    ཟླ་6ཚེས་7ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བཞིན་པ།

    ཚེས་7ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་སློབ་གྲྭའི་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པའི་རྩ་དོན་དེ་ཏང་གི་སློབ་གྲྭའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ནས། སློབ་ཁྲིད་ཀྱི་བྱེད་སྒོ་དང་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ཚང་མར་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་བརྩི་སྲུང་ཞུ་དགོས། ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཏེ། ཏང་གི་སློབ་གྲྭ་དང་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གྱི་ཟུང་འབྲེལ་བྱ་གཞི་གནད་ལ་འཁེལ་པོས་བཙལ་ནས།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) སློབ་སྦྱོང་ཁྲིད་སྟོན་གྱི་གདོང་དམག་དང་། ལས་བྱེད་པ་གསོ་སྦྱོང་གི་ཐབས་ལམ་གཙོ་བོ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གཡུལ་ས་གཙོ་བོ། ཐབས་ཇུས་བློ་འདྲིའི་ཇུས་འདོན་ཚོགས་པ་གསར་པ་བཅས་ཀྱི་ནུས་པ་ཏན་ཏིག་འདོན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་སློབ་གཉེར་སློབ་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ལས་བྱེད་པའི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་ལག་ལེན་སྦྱོང་བརྡར་དང་རིགས་པའི་གཞུང་ལུགས་གསོ་སྦྱོང་གི“སློབ་ཚན་གཉིས”མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱེད་དགོས། ཏང་གཤིས་ཀྱི་སློབ་གསོ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བཅས་ཤུགས་ཆེན་སྤེལ་ནས་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འཇོན་ཐང་དང་། དཔལ་འབྱོར་ལས་དོན་ལ་སྣེ་ཁྲིད་ཀྱི་འཇོན་ཐང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་འཇོན་ཐང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་། སྤྱི་ཡོངས་ཁྲོད་གནད་དོན་ལ་བསམ་གཞིག་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་བཅས་ཆེ་རུ་གཏོང་རོགས་བྱེད་དགོས། ཆུ་ཚད་མཐོ་བའི་ཇུས་འདོན་ཚོགས་པ་དང་རིགས་པའི་གཞུང་ལུགས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དང“ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་འཐབ་ཇུས་དམིགས་ཚད་ཆེན་པོ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱས་ནས་རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ། སྤུས་ཚད་མཐོ་བ་དང་ཁྱད་ཆོས་ལྡན་པའི་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཁྱབ་གདལ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་ནན་ཏུ་གཏོང་བ་དང་། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། རལ་གྲི་གཤོམ་ཕོད་པ་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་ཏང་གི་འདུ་ཤེས་འཛིན་སྟངས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་མཁན་བློས་འགེལ་ཆོག་པའི་གདོང་དམག་ཡག་པོ་ཞིག་བྱེད་དགོས། སློབ་གཉེར་སློབ་སྐྱོང་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་ལྟེ་བ་དེར་དམ་འཛིན་ཡག་པོ་བྱས་ནས་རྣམ་པ་དང་བྱ་ཐབས་གསར་གཏོད་བྱེད་པ་དང་། གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་སློབ་ཁྲིད་ཀྱི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁྱད་ལྡན་སློབ་གཉེར་གྱི་ལེགས་ཆར་དམ་འཛིན་བྱས་ཏེ་མི་རིགས་ཆོས་ལུགས་དང་སྐྱེ་ཁམས་སྲུང་སྐྱོང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་གསར་པ་བཀོད་སྒྲིག་བྱས་ནས་ལེགས་ཆའི་རིག་ཚན་དང་ཆེད་ལས་གཏོད་དགོས། དགེ་རྒན་མཉམ་སྤྱོད་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཁ་གཏད་བོད་སྐྱོར་ཞིང་ཨུད(གྲོང་ཨུད)ཏང་གི་སློབ་གྲྭ་དང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མི་སྣ་མཉམ་འགུལ་དང་། བྱེད་སྒོ་མཉམ་སྦྲེལ། གྲུབ་འབྲས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་དགོས། ཤེས་ལྡན་པར་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་པར་བརྟེན་ནས་སློབ་གྲྭ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ། རིམ་པ་མཐོ་བའི་ཤེས་ལྡན་པ་དང་འཕྲལ་མཁོ་དང་ཁ་ཐང་བའི་ཤེས་ལྡན་པ་འདྲེན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། སློབ་སྐྱོང་ནན་པོ་དང་། སློབ་ཁྲིད་ནན་པོ། རིག་བརྩོན་ནན་པོ་མཐའ་འཁྱོངས་ཀྱིས་ལམ་ལུགས་ལ་བརྟེན་ནས་སློབ་གྲྭ་དང་། མི་སྣ། ལས་དོན་བཅས་ལ་དོ་དམ་བྱས་ཏེ་ཏང་གི་སློབ་གྲྭའི་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཏང་གི་སློབ་གྲྭའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམ་ཁག་ཏང་ཨུད་ཀྱིས་ཏང་གི་སློབ་གྲྭ་ཡག་པོ་གཉེར་བ་དང་། དོ་དམ་ཡག་པོ། འཛུགས་སྐྱོང་ཡག་པོ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ། རིམ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་འཁུར་བ། ཏང་གི་སློབ་གྲྭའི་ལས་དོན་དེ་སྤྱི་ཡོངས་ཀྱི་ལས་དོན་བཀོད་སྒྲིག་དང་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ནང་འཇུག་པ། འགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་གྲྭར་སློབ་ཁྲིད་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ། སྡེ་ཚན་ཁག་དབར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་མཉམ་ཤུགས་ཆགས་པ། ལྟ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་སློབ་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།