དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་རང་ལྗོངས་ཀྱི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་ཁྲོམ་གཞུང་གི་དྲིལ་བསྒྲགས་བྱེད་སྒོར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-08

    ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་འདི་ལོའི་རྒྱལ་ཡོངས་ཀྱི་བརྗོད་དོན་གཙོ་བོ་ནི“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ”ཞེས་པ་དེ་རེད། ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྣེ་ཁྲིད་པ་དང་ལྷ་ས་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ཧུར་ཐག་ཞུགས་ནས། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དྲུག་ལྔའི་ཁོར་ཡུག་ཉིན་མོའི་ཁྲོམ་གཞུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་ཕེབས་པ་རེད།

    ཀརྨ་ཚེ་བརྟན་དང་བཅས་པས་དྲིལ་བསྒྲགས་འགྲེམས་གནས་ཁག་ལ་ལྟ་སྐོར་གནང་བ་དང་ལས་དོན་མི་སྣར་དྲིལ་བསྒྲགས་ནང་དོན་དང་། གཞི་རྟེན། བྱ་ཐབས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བོད་ལ“འཛམ་གླིང་གི་ཡང་རྩེ”དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག” “སའི་གོ་ལའི་སྣེ་གསུམ་པ”བཅས་ཀྱི་མཚན་སྙན་ལྡན་པ་དང་རང་རྒྱལ་དང་ཐ་ན་འཛམ་གླིང་གི་གནམ་གཤིས་མ་ལག་གི“བརྟན་གཏོང་ཡོ་བྱད”ལྟ་བུ་ཡིན་པས་སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་པོ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ཤུགས་ཆེར་གཏོང་བ། སྤྱི་ཚོགས་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།