དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-01

    ཚེས་30ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར། འདུ་ཤེས་འཛིན་སྟངས་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་བཅས་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་བསྟུད་མར་འཚོགས་པ་དང་། གསུང་བཤད་གལ་ཆེན་གནང་བ། མཛུབ་སྟོན་གལ་ཆེན་གནང་བ་བཅས་ལས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་གོ་ལ་ཧྲིལ་པོའི་གཟིགས་རྒྱང་དང་། མི་དམངས་ཀྱི་བརྩེ་སེམས། འགན་འཁྲི་ཁུར་སེམས་བཅས་གང་ལེགས་མཚོན་ཡོད། ང་ཚོས་ངེས་པར་དུ་རང་རྟོགས་ངང་བོད་ཀྱི་ལས་དོན་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་ཀྱི་ཁྲོད་དུ་བཞག་ནས་ངེས་གནས་བསམ་གཞིག་དང་སྤྱི་འདོམས་སྐུལ་འདེད་བཏང་སྟེ་གསར་གཏོད་རིམ་སྤོར་ཁྲོད་སྒུལ་ཤུགས་སྐུལ་སྤེལ་དང་། སྒོ་དབྱེའི་འཕེལ་རྒྱས་ཁྲོད་ལེགས་ཆ་མངོན་གསལ་དོད་པ། སྐྱེ་ཁམས་སྲུང་སྐྱོང་ཁྲོད་བདེ་རྩ་ཆེ་རུ་གཏོང་བ། སྒྱུར་བཅོས་གཏིང་ཟབ་གཏོང་བའི་ཁྲོད་གསོན་ཤུགས་འདོན་པ། ཉེན་ཁ་འགོག་ཟོན་ཁྲོད་བདེ་འཇགས་འགན་ལེན་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས། སྲིད་གཞུང་ཏང་ཙུའི་ཁོངས་མིས་འགན་འཁྲི་ཕྲག་ཏུ་འཁུར་ནས་དུས་དང་རྣམ་པ་ཀུན་ཏུ་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཚབས་ཆེན་སེལ་བ། འགལ་ཟླ་ཚབས་ཆེན་ཐག་གཅོད་བཅས་ཀྱི་གྲ་སྒྲིག་བྱས་ཏེ་དཀའ་ཉེན་ལ་མི་སྐྲག་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྤོབས་སེམས་དང་། དཔའ་ངར་ཆེན་པོས་ཡར་བརྩོན་དང་འབད་འབུངས་ཆེར་སྐྱེད་ཀྱི་ངར་སེམས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཉེན་བརྡའི་སློབ་གསོ་ནི་རིག་པ་དྭངས་གསལ་ཡོང་བའི་ཐབས་ཤེས་ཡག་ཤོས་ཤིག་རེད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི“ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན”ཡག་པོ་འཚོགས་ནས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་རིང་ཏང་གཤིས་བརྟན་གཏོང་དང་ཁ་ཕྱོགས་གསལ་སྟོན་གྱིས་བསམ་བློའི“གཅུས་སྒོ་ཨ་མ”རྒྱུན་ཆད་མེད་པར་དམ་དུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི“སྲུང་ཐག”དམ་དུ་གཏོང་བ། སྤྱོད་ཚུལ་གྱི“མེ་འགོག་རྩིག་གྱང”སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཀྱི“མདུན་སྐྱོད་རོལ་དབྱངས”དཀྲོལ་ནས་ཤེས་སྤྱོད་གཅིག་གྱུར་ཁྲོད་ཐོག་མའི་བསམ་འདུན་ལག་ལེན་དང་བློ་སྟོབས་ཆེན་པོས་བྱས་རྗེས་འཇོག་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། འགལ་ཟླ་འཕྲད་སྐབས་དམ་འཛིན་དང་དོ་དམ་བྱེད་ཕོད་པ། དཀའ་ངལ་འཕྲད་སྐབས་མདུན་སྐྱོད་དང་ཚོད་ལྟ་བྱེད་ཕོད་པ། འགྲན་སློང་འཕྲད་སྐབས་བྱེད་མཁས་ལ་རྗེས་ཐོན་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་གནས་དྲང་གནས་ཐོན་པའི་འགན་ལེན་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་རྒྱལ་ཁབ་ཀྱི་ཆེད་དུ་བསམ་བློ་བརྟན་པོ་འཛུགས་པ་དང་མི་རིགས་ཀྱི་ཆེད་དུ་བླ་སྲོག་གཏོད་པའི་ལས་དོན་ཞིག་རེད། “འགན་འཁྲིའི་ལམ་ལུགས”དོན་འཁྱོལ་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་བློ་མི་བདེ་བའི”འགན་འཁྲི་ཁུར་སེམས་དང“བྱ་བ་ཡོད་ཚད་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ཤུགས་ལ་བརྟེན་ནས་སེམས་ནང་འགན་འཁྲི་ཡོད་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་བསྟར་བཅས་ཏན་ཏིག་བྱེད་དགོས། “བརྗོད་དོན་གཙོ་བོ”མཆོག་ཏུ་འཛིན་པ་དང་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ་དང་སྨྲ་བ་གཉིས”སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་སྲིང་ལྷོད་མེད་སྤེལ་ཏེ་དངོས་ཐོག་བདེན་འཚོལ་དང་གསོན་ཉམས་དོད་པོས་བོད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་དྲིལ་བསྒྲགས་ཡག་པོ་དང་། ཡིད་ཆེས་ཆེན་པོ་དང་སྔོན་དཔག་བརྟན་པོ་གཙོ་གནད་དུ་བཟུང་སྟེ“ཀྲུང་གོའི་དཔལ་འབྱོར་འོད་ཟེར་སྨྲ་བ”མཆོག་ཏུ་འཛིན་དགོས། “གཡུལ་ས་གཙོ་བོ”སྲུང་སྐྱོང་ཡག་པོ་བྱས་ཏེ་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཐོ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབས་ཏེ་ས་ཁོངས་ཕྱིའི་བསམ་བློ་རིག་གནས་དང་ཆོས་ལུགས་ཀྱི་སིམ་འཛུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་།“རང་འགུལ་དམག་འཐབ”ཡག་པོ་བརྒྱབ་སྟེ་ཆབ་སྲིད་རྩ་དོན་གྱི་གནད་དོན་དང་། བསམ་བློའི་ངོས་འཛིན་གྱི་གནད་དོན། རིག་གཞུང་ལྟ་བའི་གནད་དོན་བཅས་དབྱེ་འབྱེད་ཡང་དག་བྱས་ནས་གླེང་ཕྱོགས་ཀྱི་ལྟ་ཞིབ་ཚད་ལེན་དང་བརྡར་ཤ་གཅོད་ནུས་ཆེ་རུ་བཏང་སྟེ་འཕྲལ་སྡོམ་དང་འཕྲལ་རྒོལ་གྱི་ལས་ཀའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། “འཐབ་རྩོད་རང་བཞིན”ཤུགས་ཆེར་བཏང་ནས་ཐོག་མཐའ་བར་གསུམ་དུ་ཡིན་མིན་ཆེན་པོའི་གནད་དོན་ཐད་དམ་འཛིན་བྱེད་ཕོད་པ་དང་དོ་དམ་མཁས་པོ་དང་རང་འགན་ཐེག་པ་ཁུར་ལེན་བཅས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་འགྲན་སློང་མདུན་དུ་རལ་གྲི་འཕྱར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་བྱས་ཐོག བོད་འབྲེལ་གནད་དོན་ཐད་དགྲ་ཡའི་ཕྱོགས་གཏོགས་ཀྱིས་དམའ་འབེབས་དང་འུད་སྒྲོག་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།