ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་ཚོང་དོན་ཐིང་སོགས་ཚན་པར་བརྟག་ཞིབ་གནང་བ།
ཟླ་5ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་ཚན་པར་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སུ་12315དྲ་སྦྲེལ་ལས་སྟེགས་འཁོར་སྐྱོད་དང་གསར་གཏོད་རིག་ལྡན་ལྟ་འདོམས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་5ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་ཚན་པར་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་དུ་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་བཞིན་པ།
ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་ཚན་པར་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་སུ་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་ནས་12315དྲ་སྦྲེལ་ལས་སྟེགས་འཁོར་སྐྱོད་དང་གསར་གཏོད་རིག་ལྡན་ལྟ་འདོམས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དོ་དམ་བྱེད་ཞོར་ཞབས་འདེགས་ཞུ་བ་དང་ཞབས་ཞུར་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་འཛིན་ནུས་པ་ཆེར་གཏོང་དང་ལྟ་སྐུལ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་སྟེ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་ཤུགས་ཆེན་གཏོང་བ་དང་རྫུན་བཟོ་རྫུན་ཚོང་དང་ཁྲོམ་ར་སྒེར་སྡེམ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་དཔེ་མཚོན་གྱི་གྱོད་གཞི་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་དུ་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་ལས་བྱེད་པ་དང་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་། བྱ་ཐབས་གསར་གཏོད་བྱེད་པ། གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། སྲིད་ཇུས་མཁོ་སྤྲོད་ལེགས་སུ་གཏོང་བ་དང་མཐུན་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རར་དབང་ཆ་སྤྲོད་པ་དང་། ཁེ་ལས་ཀྱི་བཀག་རྒྱ་གློད་པ། མང་ཚོགས་ལ་སྟབས་བདེ་སྐྲུན་པ་བཅས་བྱེད་དགོས། དུས་བབ་ལ་ཞིབ་དཔྱད་དང་། འཁོར་སྐྱོད་ལྟ་ཞིབ་ཚད་ལེན། དམིགས་ཚད་བཀོད་གཏོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་མིའི་འཛད་སྤྱོད་སྤུས་ཚད་མཐོར་གཏོང་དང་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་ཕྱོགས་གསར་པ་དང་བསྟུན་ཏེ། འཛད་སྤྱོད་གྲུབ་ཆ་ལེགས་སྒྲིག་དང་གདང་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། སྒོ་དབྱེའི་ལས་སྟེགས་གང་ལེགས་སྤྱོད་པ་དང་། ཚོང་དོན་གྱི་ལེགས་ཆ་གཏོད་པ། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱས་ནས། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་གཡོ་འགུལ་མི་གཏོང་བར་དམིགས་ནས། དཔལ་འབྱོར་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་དམ་འཛིན་ཡག་པོ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག དཔལ་འབྱོར་གྱི་འཕེལ་ཕྱོགས་ལེགས་པའི་རྣམ་པ་བརྟན་དུ་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། ལས་ཆོད་ཆེ་རུ་གཏོང་བ། ནུས་ལྡན་ཁྲོམ་ར་དང་འཇོན་ཐང་ཡོད་པའི་སྲིད་གཞུང་ཟུང་འབྲེལ་དེ་བས་ལེགས་པ་བྱེད་པར་སྐུལ་འདེད་གཏོང་བ། ཚོང་འགུགས་མ་འདྲེན་ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ནི་ས་ཁུལ་ཞིག་གི་ཁྲོམ་རའི་གསོན་ཤུགས་དང་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ཐད་ཀར་འབྲེལ་བ་ཡོད་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་དྲང་གཞག་དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་ཟུང་འབྲེལ་དམ་ཟབ་བྱས་ནས། རང་གཤིས་ཅན་དང་སྣ་མང་ཅན་གྱི་འཛད་སྤྱོད་འཕེལ་ཕྱོགས་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཡོད་དགོས་མཁོ་གང་མགྱོགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་གྱི་འཛད་སྤྱོད་བརྟན་པོའི་ངང་རྒྱ་ཆེར་བཏང་ནས། འཛད་སྤྱོད་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གུང་གསེང་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བཅས་བྱས་ཏེ་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་བཏང་ནས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་མགྱོགས་མྱུར་བསྐྲུན་ཏེ་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་དེ་བས་ལེགས་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དམངས་ཕྱུག་གི་ཐབས་ཇུས་མང་ཙམ་ཇུས་འགོད་དང་དམངས་ཕན་གྱི་བྱ་བ་མང་ཙམ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་འཇོན་ཐང་ཆེར་གཏོང་དང་དམ་པ་དོན་གཉེར་སྔར་བས་བྱེད་པ་དང་། ཆེད་ལས་ཀྱི་བྱང་ཚད་དང་ཆེད་ལས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གནད་དོན་ཧུར་ཐག་སེལ་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞི་རིམ་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།