དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ནེ་པ་ལའི་སྤེལ་རེས་རྟོག་ཞིབ་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ལྷ་སར་ནེ་པ་ལའི“སྤྲིན་ཚོམས་གྲོགས་པོ”དྲ་ཐོག་Vཆེན་སྤེལ་རེས་རྟོག་ཞིབ་ཚོགས་པ་དང་བཅས་པར་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་རེད།

    ལང་ཧྥུའུ་ཁོན་གྱིས་ཐོག་མར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ཏེ་རྟོག་ཞིབ་ཚོགས་པ་དང་བཅས་པ་བོད་ལ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། སྐྲུ་མགྲོན་ཚོར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས། ཀྲུང་ནེའི་དབར་རི་ཀླུང་འབྲེལ་ཞིང་། ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་ཡང་ཡང་གནང་བ་དང་འབྲེལ་བ་ཡང་སྐྱོན་བྲལ་དང་བརྟན་པོའི་ ངང་འཕེལ་རྒྱས་འགྲོ་བཞིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་འཁྲིད་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱབ་ཁོངས་ཁག་དང་རིམ་པ་མི་འདྲ་བའི་མཛའ་མཐུན་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ནེའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད། ནེ་པ་ལའི་སྨྱན་སྦྱོར་གྱིས་དེ་བས་སྒོ་དབྱེ་དང་། རང་མོས། བདེ་སྐྱིད། ཞི་མཐུན་བཅས་ལྡན་པའི་བོད་ལྗོངས་གསར་པ་ཞིག་དེ་བས་ལེགས་པའི་སྒོ་ནས་ནེ་པ་ལའི་རྒྱལ་དམངས་ལ་གསལ་སྟོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ནེ་པ་ལའི་རྟོག་ཞིབ་ཚོགས་པའི་ཚོགས་གཙོ་ཧྥུའུ་ཨེར་མན·ཐཱ་མང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོའི་བོད་ལྗོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཐབས་ལམ་སྣ་མང་བརྒྱུད་བོད་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་དྲིལ་བསྒྲགས་དང་གཏོང་སྤེལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།