དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-22

    ཚེས་20ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་ཀྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་ཟབ་གཏོང་། བརྟན་ཐོག་ཡར་འཕེལ་བཅས་བྱས་ཏེ་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་དང་སྒྲིག་གཞི་སྒྲིག་ཁོངས་ཀྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། དུས་རབས་གསར་པའི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་འགན་འཁྲི་དང་ལས་འགན་དང་། ལས་ཀའི་རྩ་དོན། གཞི་རྩའི་བྱ་ཐབས་བཅས་སྔར་བས་གསལ་བཤད་གནང་ནས། ང་ཚོས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་གཞི་སྒྲིག་ཁོངས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ། སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་ངང་དམག་འཐབ་ཡག་པོ་རྒྱག་པ། སྒྲིག་ཁོངས་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་རྟོགས་ཀྱིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས། ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞིར”ཞབས་འདེགས་འགན་ལེན་བྱེད་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་གཞི་སྒྲིག་ཁོངས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་སྲོལ་མཐུན་སྦྱོར་བྱེད་པ། ས་ཁོངས་དང་ཁྱབ་ཁོངས་ལས་བརྒལ་བའི་སྐྱེ་ཁམས་དོ་དམ་སྒྲིག་གཞི་སྤྱི་འདོམས་བཀོད་སྒྲིག་བཅས་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་གཞི་རིམ་གྱི་འཐབ་ས་དང་པོར་སྒྲིག་ཁོངས་ཐོན་ཁུངས་གཟིགས་སྐྱོང་ཏན་ཏིག་བྱེད་དགོས། སྟབས་བདེ་ཞིང་ཕན་ནུས་ཆེ་བ་དང་དམངས་ལ་ཕན་པའི་གཞི་རིམ་གྱི་དོ་དམ་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཤང་དང་གྲོང་རྡལ་གྱི་སྒྲིག་ཁོངས་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་སྒྲིག་ཁོངས་བཀོད་སྒྲིག་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ཏེ་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་མུ་མཐུད་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་གཞི་སྒྲིག་ཁོངས་ལ་ཚན་རིག་དང་མཐུན་ལ་ཚད་ལྡན་གྱི་སྒོ་ནས་དོ་དམ་བྱེད་པ་དང་། སྒྲིག་ཁོངས་སུ་འཇུག་རྒྱུ་དང་འདོན་རྒྱུ་ཡོད་ལ་འགུལ་རྣམ་དོ་མཉམ་རྒྱུན་འཁྱོངས་བྱེད་པ། སྡེ་ཚན་དབར་དང་། ས་ཁུལ་དབར། གཞི་རིམ་དབར་བཅས་ཀྱི་སྒྲིག་ཁོངས་སྤྱི་འདོམས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་གདུབ་ཟུམ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་རིམ་པའི་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། “གཏན་འཁེལ་གསུམ”གྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་པ། འགན་འཁྲི་ཁ་གསལ་དང་། འབྲེལ་བ་མཐུན་སྦྱོར། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྡེ་ཚན་གྱིས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་ལས་ཆོད་ཆེ་བའི་འཁོར་སྐྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པ། ནང་ཁུལ་དུ་སྒྲིག་གཞི་འཛུགས་པ་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྣ་ཁོངས་སྒྱུར་དང་སྒྲིག་གཞི་ལེགས་སྒྱུར་དང་ལེགས་སྒྲིག་ལ་དོན་གྲོས་མཐུན་སྦྱོར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དམ་འཛིན་བཅས་བྱས་ཏེ་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲིད་མང་ཚོགས་ཀྱི་སྒྲིག་གཞི་ཕྱོགས་བསྡུས་བཀོད་སྒྲིག་ཚོད་ལྟའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་གང་ལེགས་འཛིན་པ་དང་། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་དོན་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྫོང་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་གཞི་སྒྲིག་ཁོངས་ལས་བྱེད་པའི་དཔུང་ཁག་འཛུགས་པར་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆབ་སྲིད་ཐད་རྦད་དེ་བློས་འགེལ་ཆོག་པ་དང་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ནས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ཚང་མར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཆབ་སྲིད་ཀྱི་ཤུགས་རྐྱེན། ཆབ་སྲིད་ཀྱི་ཕན་འབྲས་བཅས་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། ལས་སྒོའི་འཇོན་ཐང་ཆེ་རུ་བཏང་ནས་ལག་ལེན་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ་དང་ཆེད་ལས་ཀྱི་བསམ་གཞིག་སྐྱེད་སྲིང་བྱེད་པ། ཆེད་ལས་ཀྱི་བྱེད་ཐབས་ཁོང་དུ་ཆུད་པ། ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒྲིག་གཞི་སྒྲིག་ཁོངས་ལས་དོན་བྱང་ཆུབ་པར་དངོས་འབྲེལ་འགྱུར་བར་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་ཞུན་བརྡར་སྤྲས་ནས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ནས་སྒྲིག་གཞི་སྒྲིག་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ་དང་། སྒྲིག་གཞི་སྒྲིག་ཁོངས་ཀྱི་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།