དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རང་འགན་གཙང་ སྒྲུབ་ཀྱི་རྒྱུགས་ལན་གསར་པ་ཕུལ་བ།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི“ཕན་སྐུལ་ལྔ་དང་སྐུལ་འདེད་ལྔའི”ལས་ཀའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-22

    འདི་ནི“སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་གཞུང་འཁྱོངས་གསར་འབྱེད་ཀྱི་ལེའུ་མུ་མཐུད་རྩོམ་པའི”རིག་རྩལ་མཉམ་འབྲེལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་ཡོད་ཚེ་མི་དམངས་འཐུས་ཚོགས་ཀྱིས་དེ་གར་རྗེས་སྙེགས་ནས་ལས་དོན་སྤེལ་བ་དང་། སྟོབས་ཤུགས་དེ་གར་གཅིག་སྡུད་བྱེད་པ། ནུས་པ་དེ་གར་འདོན་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་ཁྲིམས་ལྟར་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་བཞིན་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་སྐུལ་གྱིས།

    སེམས་ནུས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྔོན་ལ་བཟོས་པའི《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་ཡར་སྐུལ་སྲོལ་ཡིག》དང《ལྷོ་ཁ་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སྲོལ་ཡིག》《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སོགས་ཁྲིམས་སྲོལ་ནང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཤེས་དཔལ་གྱི་སྲོལ་གསར་གཏོད་པ་སོགས་ཀྱི་གཏན་འབེབས་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོཌ་སུ“ཡར་ཀླུང་གཞུང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དར་སྤེལ་གཏོང་བའི”བྱེད་སྒོ་མཉམ་དུ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“དགུ་སྤེལ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་སྤྱོད་པ། མུ་མཐུད་དག་ཐེར་ཡག་པོ་བཅས་བྱས་ནས་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་བཏང་ཡོད། གྲོང་ཁྱེར་ཡོངས་སུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་གནས་5000ལྷག་ཙམ་བཀོད་སྒྲིག་དང་འགན་འཁྲི་གཏན་འཁེལ་བྱས་པའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ལས་གནས་ཡོད་པར་བྱས་པ་དང་ཆབས་ཅིག འཐུས་མིའི་འགན་འཁྲི་སྒྲུབ་པའི་ཡིག་ཚགས་ནང་བཀོད་པ་རེད།

    དཔལ་འབྱོར་སྤྱི་ཚོཌ་འཕེལ་རྒྱས་ལ་ཕན་སྐུལ་གྱིས། 

    དཔལ་འབྱོར་བྱེད་སྒོ་ཁྲིམས་སྐྱོང་གི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བཅའ་ཁྲིམས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སོགས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཤིང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་གཙང་པོ་རྒྱུག་ཁུལ་འཕེལ་རྒྱས་གཏོང་བ་སོགས་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། བདེ་ཐང་ལྷོ་ཁ། ལས་ཞུགས་ལས་གཏོད་སོགས་ལ་ཆེད་དོན་འདྲི་རྩད་བྱས་ཏེ། སྔོན་རྩིས་དྲ་ཐོག་ལྟ་སྐུལ་མ་ལག་བཙུགས་ནས་དྲ་ཐོག་ཏུ་འཁོར་སྐྱོད་བྱས་ཐོག ནོར་སྲིད་དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ལྟ་སྐུལ་ལས་དོན་སྤེལ་ཞིང་། 2023ལོར་གྲོང་ཁྱེར་སྲིད་གཞུང་ལ་བསྒྲུབ་རྒྱུར་སྤྲད་པའི་གྲོས་ཞིབ་བསམ་འཆར་ཁག་15ཡི་ནང་ཚུད་པའི་བསམ་འཆར་དང་གྲོས་འགོ་ཁག་72ཚང་མ་དོན་འཁྱོལ་བྱས་ཟིན་པ་དང་། གནད་དོན་གྱི་གསལ་ཐོ་ཁག་294ནས་285དག་ཐེར་ཟིན་ནས་ལེགས་གྲུབ་ཟིན་ཚད་96.9%ཟིན་པ། སྐུལ་འདེད་གཏོང་བཞིན་པའི་དོན་ཚན་9ཡོད་པ་དང་བསྡོམས་འབོར་གྱི་3.1%བཟུང་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་སྐུལ་གྱིས།

    ལྷོ་ཁའི་རི་ཆུ་ཀླུང་གསུམ་དྭངས་ཤིང་གཙང་བར་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོས་ནས་བཀྲམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་12ནང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་བསྡུར་ཚད་50%ཟིན་ཡོད། 《ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་སྲུང་སྐྱོང་སྲོལ་ཡིག》དང《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་སྲོལ་ཡིག》《ལྷོ་ཁ་གྲོང་ཁྱེར་གྱི་གླ་ཚེར་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》སོགས་ཁྱབ་ཁོངས་ཆུང་བའི་ཁྲིམས་འཛུགས་གྲུབ་འབྲས་ལས“གཙང་པོ་གཅིག་མཚེའུ་གཅིག་ཤིང་སྡོང་གཅིག”གི་སྲུང་སྐྱོང་ལས་དོན་ཁྲིམས་སྐྱོང་ཅན་དུ་གྱུར་ཡོད། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར“ཡར་ཀླུང་གི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད”གཏིང་ཟབ་སྤེལ་ཞིང་། སྔ་རྗེས་སུ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་། ལོ་ལྟར་ལོ་གོང་མའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་སྙན་སེང་ཉན་ནས་གྲོས་ཞིབ་བྱས་ཁར། མངོན་བཤེར་ལྐོག་ཞིབ་དང་། འདྲི་ཤོག་སྤྲད་ནས་བརྟག་དཔྱད། ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་དང་དག་ཐེར་དོན་འཁྱོལ་ལ་ཕྱིར་མིག་ལྟ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་སྲུང་སྐྱོང་བྱས་པ་རེད།

    མཐའ་སྲུང་མཐའ་དར་དམངས་ཕྱུག་ལ་ཕན་སྐུལ་གྱིས།

    ཁྲིམས་སྐྱོང་ལ་བརྟེན་ཏེ་མཐའ་མཚམས་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་སྙན་སེང་ཉན་ནས་གྲོས་ཞིབ་བྱས་པ་དང་འབྲེལ་ཆེད་དོན་འདྲི་རྩད་བྱས་ནས། མཐའ་མཚམས་ཀྱི་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། མཐའ་མཚམས་མི་སེར་ཚོའི་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་མཐའ་མཚམས་དོ་དམ་སྲོལ་ཡིག་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱ་ཆེའི་མཐའ་མཚམས་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“མཐའ་བརྟན་མཐའ་དར་ལས་གནས”དང་ལེན་ཧུར་ཐག་བྱས་ནས། འཐུས་མིའི་འགན་འཁྲི་སྒྲུབ་པའི་འབྲེལ་ཐག་སྣུར་སྲིང་དང་། མང་ཚོགས་དང་འབྲེལ་གཏུག་གི་དྲ་བ་ཚགས་དམ་དུ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་དང་འཐུས་མིས་ས་སྲུང་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་ཧུར་ཐག་བྱས་པ་རེད།

    དམངས་གཙོ་ཁྲིམས་སྐྱོང་འཛུཌ་སྐྱོང་ལ་ཕན་སྐུལ་གྱིས། མི་དམངས་འཐུས་ཚོཌ་ཀྱི་ལས་དོན་གཞུང་འཁྱོངས་གསར་འབྱེད་ཡོང་བར་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“འཛུགས་གཏོད་བཞིར”དམིགས་ཏེ་ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་ལོ་ལྔའི་འཆར་འགོད་ཀྱི་གཙོ་གནད་དང་ལོ་འཁོར་གྱི“གཙོ་གནད་གཅིག་དང་འཆར་གཞི་བཞི”བཟོས་པ་དང་འབྲེལ་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཤིང་། 《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང《ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྲིམས་སྒྱུར་ནང་འཇུག་པ་དང་། ཁྲིམས་འཛིན་ནང་མཉམ་འདྲེས། ཁྲིམས་ལུགས་ཁྱབ་གདལ་ནང་འཇོག་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》སོགས་བཟོས་ཡོད། ལོ་ལྟར་གྱི་ལོ་འགོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་ཚུལ་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་སྙན་སེང་ཉན་ནས་གྲོས་ཞིབ་བྱེད་པ་འགྱུར་མེད་ཀྱི་གྲོས་གཞི་ཞིག་ཏུ་བརྩིས་པ་དང་། ལོ་ལྟར་བཅའ་ཁྲིམས་དང་ཁྲིམས་སྲོལ་གཅིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནང་དོན་གཙོ་བོར་བྱས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ད་ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་བྱེད་པར་བརྟེན་ནས“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དར་སྤེལ་བཏང་སྟེ‘མོས་སེམས་ལྔར’ཤུགས་སྣོན་ཧུར་ཐག་རྒྱག་པའི”བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།