དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-20

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། འགྲེམས་སྟོན་གྱི་གནས་ཚུལ་སྙན་སེང་ཉན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལོ་30ཡི་རིང་གི་ཁ་གཏད་བོད་སྐྱོར་ལས་དོན་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། བོད་སྐྱོང་བོད་བརྟན་བོད་དར་བཅས་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་བཅས་འགྲེམས་སྟོན་ཡག་པོ་བྱེད་པར་དམིགས་ཏེ། འགྲེམས་སྟོན་རྩ་གནད་དང་ཕན་འབྲས་རི་མོ་ཇུས་འགོད་ཞིབ་ཚགས་བྱེད་པ་དང་འགྲེམས་རྫས་སྣ་ཚོགས་འཚོལ་བསྡུ་བྱེད་པར་དམ་འཛིན་བྱས་ནས་འགྲེམས་སྟོན་ལས་དོན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས། བྱེད་ཐབས་གསར་གཏོད་ཀྱིས་གཟུགས་བརྙན་དང་དངོས་པོ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། བྱེ་གཞོང་དང་། འདྲ་དཔེ། རྣམ་པ་སོགས་ཀྱི་བྱ་ཐབས་སྟབས་བསྟུན་ངང་བེད་སྤྱོད་བྱེད་པ་དང་། ཚན་རྩལ་མཐོ་བ་དང་དེང་རབས་ཅན་གྱི་བྱེད་ཐབས་མང་ཙམ་སྤྱད་དེ་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་གང་ལེགས་མངོན་པར་བྱས་ནས་འགྲེམས་སྟོན་གྱི་ཕན་འབྲས་ཡག་ཤོས་མངོན་པར་བྱེད་དགོས། དྲ་སྦྲེལ་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ་འགྲེམས་སྟོན་བྱེད་རིང་ཐད་གཏོང་ཟོག་ཚོང་གི་བྱ་ཐབས་བརྒྱུད་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་དགོས། དྲིལ་བསྒྲགས་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་དང་ལྗོངས་ཕྱི་ནང་ཚང་མས་མཐོང་ཐུབ་པ་དང་ཐོས་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཏེ། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཕན་འབྲས་སྔར་བས་མང་བ་དང་ཆེ་བ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།