དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་རང་སྐྱོང་ལྗོངས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-17

    ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བསམ་ཕྱོགས་སྔར་བས་གསལ་བཟོ་དང་། བླང་བྱ་གསལ་བཟོ། འགན་འཁྲི་དོན་འཁྱོལ། ལས་དོན་ལ་སྐུལ་འདེད་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་ལས་རིགས་དང་ཁོངས་གཏོགས་ཁག་གི་ཏང(བཟོ་ཚོགས)ཨུད་ཀྱི་སྙན་ཞུ་གསན་རྗེས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་གནས་ཁག་དང་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ནན་ཏན་བྱས་པ་དང་། རིམ་ཁག་ལས་དོན་ཆེད་དོན་ཚན་ཁག་དང་ལས་དོན་སྒྲིག་གཞིས་སྒྲིག་འཛུགས་དང་སྐུལ་འདེད་ཞིབ་ཚགས་བཏང་བས་ལྗོངས་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོས་འགོ་འཛུགས་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།

    ལའེ་ཅའོ་ཡིས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་མཐོ་ཚད་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་དགོས། བྱ་ཐབས་ནུས་ལྡན་སྤྱད་དེ་ས་གནས་དང་སྡེ་ཚན་རེ་ཟུང་གིས་སློབ་སྦྱོང་སློབ་གསོར་སྣང་ཆེན་མི་བྱེད་པ་དང་། གཏིང་ཟབ་མི་བྱེད་པ། ཕྱི་ཚུལ་རིང་ལུགས་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། གཏན་འཁེལ་གྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་སློབ་སྦྱོང་དང་བགྲོ་གླེང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ། གསལ་འགྲེལ་གསོ་སྦྱོང་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་གཙོ་གནད་ལས་ཀའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་བརྒྱུད་རིམ་ཧྲིལ་པོར་སྤྲོ་སྣང་མི་ཉམས་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།