དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

     ཟླ་5ཚེས་10ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་དུ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ད་དུང་གསེར་གླིང་མཚོར་སྐོར་ཞིབ་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་གསར་བརྗེ་དང་བྱེད་ཐབས་གསར་གཏོད་བྱས་ནས་གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་སྒྱུར་བཅོས་དང་བྱ་གཞག་ཚན་པའི་ལས་རྗེས་དཔྱད་ཞིབ་སྐུལ་འདེད་བརྟན་པོ་གཏོང་བ་དང་དེ་བཞིན་ཞིང་པའི་དཔེ་དེབ་ཁང་བེད་སྤྱོད་དོ་དམ་དང་གྲོང་གསེབ་ཏུ་གློག་བརྙན་སྟོན་པར་ཤུགས་སྣོན་རྒྱག་པ་སོགས་ལ་ཚོད་ལྟ་དང་འཚོལ་ཞིབ་ཧུར་ཐག་བྱས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་རང་རྟོགས་ཀྱིས་འཁུར་ནས་ཏང་གི་དྲིལ་བསྒྲགས་ལས་དོན་གྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཡུལ་ས་ཡག་པོ་བསྲུངས་ནས་རིག་གནས་སྟོབས་ཆེན་ཁུལ་དང་གྲོང་ཁྱེར་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལག་རྩལ་གསར་པ་བེད་སྤྱོད་བྱེད་མཁས་པོ་བྱེད་པ་དང་། མང་ཚོགས་ཀྱིས་དགའ་པོ་བྱེད་པའི་བརྩམས་ཆོས་དེ་བས་མང་བ་འདོན་པ། མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་རིག་རྩལ་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་བཅས་བྱས་ནས་མི་རྣམས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་ཐུབ་པ་བྱེད་དགོས། རིག་དངོས་དང་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཁོར་འབྲེལ་དང་སྤུས་རྟགས་སྐྱེད་སྲིང་དང་གསར་གཏོད་ཧུར་ཐག་བྱེད་དགོས། སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས“རིམ་ལྔའི”མཚོ་དཔོན་ལམ་ལུགས་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ་གསེར་གླིང་མཚོ་དང་དེ་བཞིན་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས། སྔར་ཡོད་ཀྱི་རང་བྱུང་སྐྱེ་ཁམས་དང་ཡུལ་ལྗོངས་སྲུང་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་ཡུལ་སྐོར་འཛུགས་སྐྲུན་འཆར་འགོད་བྱས་ཏེ“ཡུལ་སྐོར་དར་པ”སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱད་དེ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།