དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་ནན་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་དང་ཧྲེན་ཞའོ་མིང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་དང་མའོ་ཝེ་མིང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

    ཟླ་5ཚེས་11དང་ཚེས་12ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་ནན་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་དང་། ཚེས་12ཉིན་གྱི་སྔ་དྲོ་ཧུའུ་ནན་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཁྲང་ཧྲ་རུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་ཡིན་པ།

    ཟླ་5ཚེས་11དང་ཚེས་12ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་ནན་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་ཧུའུ་ནན་གྱི་ཧུའུ་ནན་དང་བོད་ཀྱི་དཔལ་འབྱོར་ཚོང་དོན་ལྟེ་གནས་སུ“བོད་ཀྱི་དངོས་རྫས་ཧུའུ་ནན་དུ་འགྲེམས་པའི”འགྲེམས་སྟོན་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

    ཟླ་5ཚེས་11དང་ཚེས་12ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་ནན་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། ཚེས་12ཉིན་གྱི་སྔ་དྲོ། ཧུའུ་ནན་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཁྲང་ཧྲ་རུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་མའོ་ཝེ་མིང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སོ་སོར་ངོ་སྤྲོད་གནང་བ་རེད།

    ཧུའུ་ནན་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧུའུ་ནན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཧུའུ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་གནང་ལུགས་མཚོན་པར་བྱས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཧུའུ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་སྟོན་ལག་བསྟར་གཏིང་ཟབ་བྱས་ནས“མཐོ་ས་གསུམ་དང་གསར་པ་བཞི”ཡི་མཛེས་སྡུག་ལྡན་པའི་འཆར་གཞི་གཏན་འཁེལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཧུའུ་ནན་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཧུའུ་ནན་གྱི་ལེའུ་བརྩམས་ཡོད། ལོ་30ཡི་རིང་ཧུའུ་ནན་གྱིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་བསྣན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་རང་སྐྱོང་ལྗོངས་དང་ཧུའུ་ནན་ཞིང་ཆེན་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱེད་པའི་མདུན་ལམ་རྒྱ་ཆེན་པོ་ཡོད། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཡིན་པས། དམིགས་བསལ་གྱི་ས་བབ་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་ཡོད་པ་དང་། ཧུའུ་ནན་གྱིས“རྒྱུད་གཅིག་དང་འབྲེལ་མདོ་གཅིག”གི་ས་བབ་ལེགས་ཆར་གཞིས་ཚུགས་པ་དེ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་རེད། རེ་བར་ཐོན་ལས་མཉམ་ལས་རྒྱུན་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས་ཁྲོམ་རའི་དགོས་མཁོ་དང་ལག་རྩལ་གྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་གཞིས་ཚུགས་པ་དང་ཁྱབ་གདལ་གཏོང་ཐུབ་པའི་ཐོན་ལས་རྣམ་གྲངས་དེ་བས་མང་བ་བཏོད་ནས། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་གང་མགྱོགས་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས། ཤེས་ལྡན་པ་སྤེལ་རེས་རྒྱུན་མཐུད་ནས་རྒྱ་ཆེར་བཏང་སྟེ། དཔལ་འབྱོར་ལག་རྩལ་དང་སློབ་གསོ་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་བོད་དུ་ལས་ཀ་བྱེད་པར་མངགས་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་དང་སྔོན་ཐོན་ལག་རྩལ་བོད་དུ་ཁྱབ་གདལ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རིག་གནས་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བོད་ནི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་ལ་ཁྱད་དུ་འཕགས་པ་ཞིག་ཡོད། ཧུའུ་ནན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་ཆེ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད་པས་རེ་བར་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཐད་མཉམ་ལས་གཏིང་ཟབ་བྱས་ནས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་མཉམ་ལས་ཀྱི་རིམ་པ་མཐོ་རུ་བཏང་སྟེ་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་གཏོང་བ་དང་། བོད་ལ་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་པ། ཧུའུ་ནན་གྱི་ཁེ་ལས་དེ་བས་མང་བ་བོད་དུ་མ་རྩ་འཇོག་པ་དང་ལས་གཉེར་བྱེད་པར་སྐུལ་མ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གསོན་ཤུགས་གསར་པ་སྣོན་དགོས་པ་བཅས་རེད།

    ཧྲེན་ཞའོ་མིང་གིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧུའུ་ནན་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་དེ་བཞིན་ཧུའུ་ནན་གྱི་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཧུའུ་ནན་གྱིས་བོད་ཀྱི་ཉམས་མྱོང་བཟང་པོ་དང་། བྱེད་སྟངས་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་པའི་ཕན་འབྲས་དངོས་སུ་བསྒྱུར་བ་བྱེད་ཀྱི་ཡིན། བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧུའུ་ནན་ལ་དཀྲིས་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། 1995ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་ཧུའུ་ནན་གྱིས་དམངས་འཚོ་དང་། ཐོན་ལས། སློབ་གསོ། སྨན་བཅོས། ཤེས་ལྡན་པ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བས་ས་གནས་གཉིས་ཀྱི་མཉམ་ལས་གཉིས་ཕན་ལ་སྐུལ་མ་ནུས་ལྡན་ཐེབས་པ་མ་ཟད། ཧུའུ་ནན་གྱི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པའི་དཔུང་ཁག་ལའང་ཞུན་བརྡར་ཆེན་པོ་ཐེབས་ཡོད་ཅེས་གསུངས་པ་རེད།

    ཁོང་གིས་འདི་ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་ཡིན་པ་དང་། ཧུའུ་ནན་གྱིས་དེ་ཉིད་འགོ་འཛུགས་ས་གསར་པར་བརྩིས་ནས་ཁ་གཏད་བོད་སྐྱོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་ཀྱི་དགོས་མཁོ་དང་ཧུའུ་ནན་གྱི་ནུས་པར་གཞིས་ཚུགས་ནས་ལས་བྱེད་ཤེས་ལྡན་པའི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རོགས་སྐྱོར་བྱ་ཡུལ་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཧུའུ་ནན་གྱིས་ལེགས་སྐྱེས་འབུལ་རྒྱུ་རེད། རེ་བར་ས་གནས་གཉིས་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་འཐབ་ཇུས་གལ་ཆེན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དགེ་མཚན་ཆེ་རིགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་གཞིས་ཚུགས་ནས་ཐོན་ལས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ། ཧུའུ་ནན་དང་བོད་ཀྱི་ས་ཁོངས་རིག་གནས་ཀྱི་གཞི་རྒྱུ་གསར་པ་སྔོག་འདོན་བྱས་ནས་རིག་གནས་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ལག་གདང་སྦྲེལ་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཏོད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཧུའུ་ནན་དང་བོད་ཀྱི་སྤེལ་རེས་མཉམ་ལས་དེ་ཁྱབ་ཁོངས་སྔར་ལས་ཆེ་བ་དང་། རིམ་པ་སྔར་ལས་ཟབ་པ། ཆུ་ཚད་སྔར་ལས་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཧུའུ་ནན་དུ་བཞུགས་རིང་། འཐུས་མི་ཚོགས་པ་སྔ་རྗེས་སུ་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་དང་། ཧུའུ་ནན་དང་བོད་ཀྱི་དཔལ་འབྱོར་ཚོང་དོན་ལྟེ་གནས། ཧུའུ་ནན་དགེ་འོས་སློབ་གླིང་དང་པོ(གྲོང་ལྷོ་དཔེ་ཁང་སློབ་ཁུལ) མ་ལན་ཧྲན་བརྙན་ལམ་རིག་གནས་བསམ་བཀོད་གླིང་། པ་སི་ཕུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ཏེ་ཧུའུ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དངོས་སུ་ཉམས་ལེན་གནང་བས་གཟིགས་རྒྱང་ཡངས་པོས་བསམ་བློའི་བློ་སྒོ་ཕྱེ་ཡོད། ཧུའུ་ནན་དང་བོད་ཀྱི་དཔལ་འབྱོར་ཚོང་དོན་ལྟེ་གནས་ནི་ཧུའུ་ནན་དང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འབྲེལ་ཟམ་ཞིག་ཡིན་པ་དང་། མིག་སྔར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་300ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་ལྷུན་རྩེ་རྫོང་གི་ལས་ཞུགས་ཐུབ་པའི་འཐུས་མིས་ཁོང་ཚོའི་ཧུའུ་ནན་དུ་ལས་ཀ་དང་འཚོ་བ་སྐྱེལ་བའི་གནས་ཚུལ་དགའ་ཚོར་ཆེན་པོས་ངོ་སྤྲོད་བྱས་པ་དང་རང་ཉིད་ཀྱི་མྱོང་བའི་ཐོག་ནས་བོད་རྒྱ་མི་རིགས་ཤ་རུས་གཅིག་འདྲེས་དང་བརྩེ་སེམས་མཉམ་འདྲེས་ཀྱི་མཛའ་གཅུགས་ཟབ་མོ་དངོས་སུ་བདེན་དཔང་བྱས་ཡོད། ཝང་ཅུན་ཀྲེང་གིས་ཁོང་ཚོའི་འཚར་ལོངས་དང་ཡར་ཐོན་ལ་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་ཚོར་ཧུའུ་ནན་ས་གཞི་ཆེན་པོར་རྩ་བ་ཚུགས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།