བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ།
ཁྲེན་ཅི་ཉིང་དང་། ཝང་ཅུན་ཀྲེང་། ཡན་ཅིན་ཧའེ། ཀུང་ཀྲེང་། ཧོང་ལི་ཤིན། ཧུའུ་ཝུན་རུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ།
ཟླ་5ཚེས་10ཉིན་དང་ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པས་མཉམ་དུ་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་ལ་གཟིགས་པ་དང《རླབས་ཆེན་གྱི་འགོ་བརྩམས་པ། ཀྲུང་གོ་གུང་ཁྲན་ཏང་འཛུགས་གཏོད་ཀྱི་ལོ་རྒྱུས་འགྲེམས་སྟོན》ལ་ལྟ་སྐོར་གནང་བཞིན་པ།
ཟླ་5ཚེས་10ཉིན་དང་ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མིར་གཟིགས་པ་མ་ཟད། ཧྲང་ཧའེ་རུ་སློབ་སྦྱོང་དང་ལས་ཀ་བྱེད་ཚུལ་སྐོར་ལའང་མཁྱེན་རྟོགས་ཞིབ་ཕྲ་གནང་བ།
ཟླ་5ཚེས་10ཉིན་དང་ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འབྲེལ་ཡོད་བྱེད་སྒོར་ཞུགས་ནས་ཧྲང་ཧའེ་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་སྟེ། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཀུང་ཀྲེང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོང་ལི་ཤིན། ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧུའུ་ཝུན་རུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
ཤིང་ཡེ་ལམ་སྒོ་རྟགས་76པར་གནས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་འཚོག་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་དང་རང་རེའི་ཏང་གི་ཕུགས་འདུན་དོན་གཉེར་བྱེད་འགོ་འཛུགས་ས་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་མཉམ་དུ་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་ལ་གཟིགས་པ་དང་། 《རླབས་ཆེན་གྱི་འགོ་བརྩམས་པ། ཀྲུང་གོ་གུང་ཁྲན་ཏང་འཛུགས་གཏོད་ཀྱི་ལོ་རྒྱུས་འགྲེམས་སྟོན》ལ་ལྟ་སྐོར་གནང་བ། དྲག་ཆར་རླུང་འཚུབ་དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་ཟླ་དེ་བསྐྱར་དྲན་གནང་བ་རེད། ཚང་མས་འགྲེལ་བཤད་ནན་ཏན་ངང་གསན་བཞིན་ཕེབས་མཚམས་ཡང་ཡང་བཞག་ནས་ཐུགས་བསམ་བཞེས་པ་དང་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཐོག་མའི་བསམ་འདུན་ལ་ཞིབ་ལྟ། སྟོབས་ཤུགས་བསྡུ་ལེན་བཅས་གནང་ཡོད། ཏང་གི་ཚོགས་ཆེན་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་ཏང་གི་རྩ་འཛིན་གྱིས“སྒྲིག་ཁྲིམས་ལ་བརྟེན་ནས་ཏང་འཛུགས་པའི”རྨང་རྡོ་བཏིང་ཡོད། ས་གནས་གཉིས་ཀྱི་བློ་མཐུན་གྱིས་ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་བཞག་ནས་སྒྲིག་ཁྲིམས་ནན་པོ་དང་། སྤྱོད་ཚུལ་ཏན་ཏིག སྤྱོད་ལམ་གཙང་མ་བཅས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ་ཐོག་མའི་བསམ་འདུན་མི་བསྒྱུར་བ་དང་དད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ་སྙིང་སྟོབས་སྔར་བས་ཆེར་སྐྱེད་ཀྱིས་རྒྱང་ལམ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཁག་ཐུན་མོང་ཐོག་ཇུས་འགོད་དང་སྐུལ་འདེད་ཡག་པོ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ཞུས་ཧུའེ་ཆུས་ཀྱི་སྲིད་འཛིན་ཞབས་ཞུ་ལྟེ་གནས་སུ་འཐུས་མི་ཚོགས་པས་སྲིད་དོན་ཚོམས་ཆེན་དང་གྲོང་ཁྱེར་འཁོར་སྐྱོད་ཚོམས་ཆེན་ལ་གཟིགས་ཞིབ་གནང་བ་དང་གྲོང་ཁྱེར་འཁོར་སྐྱོད་ལྟེ་གནས་ཀྱིས“དྲ་གཅིག་སྤྱི་འདོམས”ལ་བརྟེན་ནས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་ཞིང་། གྲོང་ཁྱེར་གྲངས་འཛིན་ཅན་ཕྱོགས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་ཧྲང་ཧའེ་ཡི་ལག་ལེན་འཚོལ་ཞིབ་མཁྱེན་རྟོགས་གནང་བ་དང་ལག་རྩལ་ལ་བརྟེན་ནས་གྲངས་འཛིན་ཅན་གྱི་བཅོས་སྐྱོང་དང་ཉེར་སྤྱོད་རྣམ་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད་སྤེལ་རེས་གནང་བ་རེད། ཚང་མས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་དམ་འཛིན་དང་ས་གནས་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མི་སེར་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད། འཐུས་མི་ཚོགས་པས་ད་དུང་ཧྲང་ཧའེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་གནང་བ་དང་དབྱང་ཕུའུ་པིན་ཅང་སྤྱི་པའི་བར་མཐོངས་དང་ལུའུ་ཅ་ཙུའེ་དངུལ་རྩའི་གྲོང་སོགས་ལ་རྟོག་ཞིབ་གནང་བ་རེད།
ད་ཐེངས་ཀྱི་སློབ་སྦྱོང་རྟོག་ཞིབ་གནང་རིང་ཕེབས་ཡུལ་མང་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་ཧྲང་ཧའེ་གྲོང་ཁྱེར་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ས་གནས་ས་ཐོག་ཏུ་བདེན་དཔང་ཐུབ་པས་ཚང་མའི་བློ་སྒོ་འབྱེད་པ་དང་ལྕག་སྐུལ་ཆེན་པོ་ཐེབས་ཡོད། ཚང་མས་ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་གྲོང་ཁྱེར་གྱིས་མདུན་སྐྱོད་དམག་གི་ཉམས་འགྱུར་དང་སྔོན་བྱོན་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་དང་སྔོན་ཐོན་གྱི་ཉམས་མྱོང་མང་པོ་བཏོད་ཡོད་པས། ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་ནན་ཏན་འཛིན་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། བསམ་ཕྱོགས་ཡངས་པོས་འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པར་བྱས་ནས། སློབ་སྦྱོང་རྟོག་ཞིབ་ཀྱི་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཞིབ་ཕྲའི་བྱེད་ཐབས་སུ་ཏན་ཏིག་བསྒྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
རྟོག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ད་དུང་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་བྱུང་བའི་མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མིར་གཟིགས་ཏེ་ཁོང་ཚོའི་ཧྲང་ཧའེ་རུ་སློབ་སྦྱོང་དང་ལས་ཀའི་གནས་ཚུལ་གསན་པ་རེད། རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་པོ་བཅངས་ནས་ཕ་ཡུལ་གྱི་ཉིན་བཞིན་འགྱུར་ལྡོག་ཁྲོད་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་མྱོང་ཚོར་ཟབ་མོ་ཐུབ་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་བརྩོན་ལེན་བྱེད་པ། མཛེས་སྡུག་ལྡན་པའི་དུས་སྐབས་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་འགན་འཁྲི་དང་། འདུན་པ། ངར་ཤུགས་བཅས་ཆེ་རུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་འཁུར་སེམས་ཆེ་བའི་ལང་ཚོའི་ལེའུ་ཞིག་ཧུར་ཐག་རྩོམ་དགོས་ཞེས་སྐུལ་ལྕག་གནང་བ་རེད།