དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2024ལོའི་པུའུ་དོན་ཚོཌ་འདུ་ཐེངས་6པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-13

    ཚེས་9ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2024ལོའི་པུའུ་དོན་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    དབང་ཧའེ་ཀྲོའུ་ཡིས་གསུངས་དོན། དུས་རབས་གསར་པ་ཤར་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྐོར་གཟིགས་བྱ་རྒྱུ་དེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ལ་བརྩིས་ཏེ་སྐོར་གཟིགས་ལས་དོན་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྡེ་ཚན་ཁག་གིས་རེས་སྐོར་འདིའི་སྐོར་གཟིགས་གོ་སྐབས་སུ་བྱེད་པ་དང་། རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ། སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་ལ་ལྟ་སྟངས་ནན་ཏན་འཛིན་པ་བཅས་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་གྲུབ་འབྲས་དེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་ལས་ཀའི་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།