དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-10

    (1994ལོའི་ཟླ་12ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་། 1997ལོའི་ཟླ་3ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 1999ལོའི་ཟླ་11ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་དག་བཅོས་ཐེངས་གཉིས་པ་བྱས། 2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་བསྐྱར་བཅོས་ཐེངས་དང་པོ་བྱས། 2024ལོའི་ཟླ་དང་པོའི་ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་བསྐྱར་བཅོས་ཐེངས་གཉིས་པ་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2024〕ཡིག་ཨང་3པ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2024ལོའི་ཟླ་དང་པོའི་ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2024ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2024ལོའི་ཟླ་དང་པོའི་ཚེས་24ལ།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། ནར་མ་སོན་པའི་མིའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོཌ་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་མཁན་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》དང《ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཧྲིལ་ལོ་བཅོ་བརྒྱད་མ་སོན་པའི་སྤྱི་དམངས་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་བྱ་ཐབས་འདི་སྤྱད་ན་འཐུས།

    དོན་ཚན་གསུམ་པ། ནར་མ་སོན་པའི་མིས་ཁྲིམས་ལྟར་འདྲ་མཉམ་ངང་ཁེ་དབང་ཁག་ལོངས་སུ་སྤྱོད་རྒྱུ་ཡོད་པས། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་གནོད་འཚེ་གཏོང་མི་ཆོག

    ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་ལས་ཁུངས་དང་། དྲག་ཆས་སྟོབས་ཤུཌ། སྲིད་ཏང་། མི་དམངས་ཚོཌ་པ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་རྩ་འཛུགས། གཞི་རིམ་མང་ཚོཌ་རང་བཞིན་གྱི་རང་སྐྱོང་རྩ་འཛུགས། ནར་མ་སོན་པའི་མིའི་ལྟ་སྐྱོང་པ། དེ་བཞིན་དར་མ་གཞན་དག་བཅས་ཀྱི་ཐུན་མོང་འགན་འཁྲི་ཡིན།

    དོན་ཚན་བཞི་པ། སྲིད་གཞུང་དང་། སྤྱི་ཚོགས། སློབ་གྲྭ། ཁྱིམ་ཚང་བཅས་ཀྱིས་ངེས་པར་དུ་ནར་མ་སོན་པའི་མིར་ཕུགས་བསམ་གྱི་སློབ་གསོ་དང་། ཀུན་སྤྱོད་ཀྱི་སློབ་གསོ། ཚན་རིག་གི་སློབ་གསོ། རིག་གནས་ཀྱི་སློབ་གསོ། ཁྲིམས་སྐྱོང་གི་སློབ་གསོ། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ། བདེ་ཐང་གི་སློབ་གསོ། ངལ་རྩོལ་གྱི་སློབ་གསོ་བཅས་བཏང་སྟེ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། མི་རིགས་མཐུན་སྒྲིལ་བཅས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཐོག ནར་མ་སོན་པའི་མིར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བཅངས་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས།

    དོན་ཚན་ལྔ་པ། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པར་ངེས་པར་དུ་ནར་མ་སོན་པའི་མིར་ཕན་ཐོགས་ཆེ་ཤོས་ཡོད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

    ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་སྐབས་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཚན་མཉམ་འགུལ་བྱེད་པ། སློབ་གྲྭ་དང་ཁྱིམ་ཚང་གིས་རང་འགན་གཙང་སྒྲུབ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། མང་ཚོགས་ཀྱིས་ཐེ་ཞུཌ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱེད་དགོས།

    དོན་ཚན་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་རྒྱུའི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཟོས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར། ལྟ་སྐུལ། མཛུབ་ཁྲིད་བཅས་བྱེད་དགོས།

    དོན་ཚན་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་རྒྱུའི་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་ནས་འབྲེལ་ཡོད་འགྲོ་གྲོན་རིམ་པ་དེ་གའི་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་རྒྱུའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཆོག

    དོན་ཚན་བརྒྱད་པ། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའམ་ཡང་ན་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བཏང་བ་ཤེས་རྟོགས་བྱུང་ཚེ། ཚང་མར་བཀག་སྡོམ་བསླབ་བྱ་རྒྱག་དབང་དང་། བཀག་འགོག་བྱེད་དབང་ངམ་ཡང་ན་སྤྱི་བདེ་དང་། དམངས་སྲིད། སློབ་གསོ་སོགས་སྡེ་ཚན་ལ་ཉེས་འདོན་དང་ཉེས་གཏུག་བྱེད་དབང་ཡོད།

    རྒྱལ་ཁབ་ལས་ཁུངས་དང་། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས། ནར་མ་སོན་པའི་མི་དང་འབྲེལ་གཏུག་དམ་ཟབ་ཡོད་པའི་ཚན་པ་དང་དེའི་ལས་བྱ་བཅས་ཀྱིས་ལས་ཀ་བྱེད་པའི་ཁྲོད་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་བཙན་གནོད་བཏང་བ་དང་། གནོད་འཚེ་གཏོང་བཟོ་ཡོད་པའམ་ཡང་ན་ཉེན་ཁ་གཞན་དག་འཕྲད་ཉེན་ཡོད་པ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་སྤྱི་བདེ་དང་། དམངས་སྲིད། སློབ་གསོ་སོགས་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    འབྲེལ་ཡོད་སྡེ་ཚན་གྱིས་ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་ཉེས་འདོན་དང་ཉེས་གཏུག་བྱེད་དོན་འབྱོར་ཚེ། ངེས་པར་དུ་ཁྲིམས་བཞིན་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱེད་དགོས། སྡེ་ཚན་མང་པོའི་འགན་འཁྲི་དང་འབྲེལ་བ་ཡོད་ཕྱིན། ཉེས་འདོན་དང་ཉེས་གཏུག་ཆེས་ཐོག་མར་འབྱོར་སའི་སྡེ་ཚན་གྱིས་སྡེ་ཚན་གཞན་དག་དང་མཉམ་དུ་ཐག་གཅོད་བྱེད་དགོས་པ་ལས་རང་འགན་གཞན་དཀྲི་བྱེད་མི་ཆོག

    དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་དང་། སྐྱོང་སྤེལ་རོགས་སྐྱོར། དེ་བཞིན་སྤྱི་ཕན་བྱ་གཞག་ཚན་པས་སྤྱི་ཚོགས་ལས་དོན་ཐད་ཀྱི་ཆེད་ལས་ལས་གནས་འཛུགས་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་མཁན་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོཌ་ལས་དོན་ཆེད་སྒྲུབ་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོཌ་ཀྱི་བྱེད་སྒོ་དང་ཞབས་ཞུ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནར་མ་སོན་པའི་མིར་བསྡོམས་རྩིས་དང་བརྟག་དཔྱད་བྱེད་པའི་ལམ་ལུཌ་བཟོས་ཏེ་ནར་མ་སོན་པའི་མིའི་ལུས་ཁམས་བདེ་ཐང་གི་གནས་ཚུལ་དང་། སློབ་གསོ་ཐེབས་ཚུལ་སོགས་བསྡོམས་རྩིས་དང་། བརྟག་དཔྱད། དབྱེ་ཞིབ་བཅས་བྱས་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་རིག་གནས་བརྩམ་བྱ་གསར་རྩོམ་དང་རྩོམ་སྒྱུར་བྱས་པ་སོགས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། ཁྱིམ་ཚང་གི་སྲུང་སྐྱོབ།

    དོན་ཚན་བཅུ་གཉིས་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ཁྲིམས་བཞིན་ནར་མ་སོན་པའི་མིར་ལྟ་སྐྱོང་བྱེད་འགན་འཁུར་དགོས།

    མཉམ་དུ་འཚོ་བ་སྐྱེལ་མཁན་ཁྱིམ་མི་དར་མ་གཞན་དག་གིས་ངེས་པར་དུ་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ནར་མ་སོན་པའི་མི་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱ་རྒྱུར་གཞོགས་འདེགས་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་གཤམ་གསལ་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས་པ་སྟེ།

    (གཅིག)ནར་མ་སོན་པའི་མིར་འཚོ་བ་དང་། བདེ་ཐང་། བདེ་འཇགས་སོགས་ཐད་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས་པ་དང་།

    (གཉིས﹚ནར་མ་སོན་པའི་མིའི་ལུས་ཁམས་དང་སེམས་ཁམས་ཀྱི་གནས་ཚུལ་དང་། བརྩེ་དུང་གི་དགོས་མཁོར་དོ་ཁུར་བྱེད་དགོས་པ།

    (གསུམ)ནར་མ་སོན་པའི་མིས་སྒྲིག་བརྩི་ཁྲིམས་སྲུང་དང་ཧུར་བསྲི་གྲོན་ཆུང་བྱ་རྒྱུའི་ཐད་སློབ་གསོ་ཁྲིད་སྟོན་བྱས་ཏེ། ནར་མ་སོན་པའི་མིར་དཀའ་སྤྱད་སྙིང་རུས་དང་། རྒན་བཀུར་གཞོན་གཅེས། མཐུན་སྒྲིལ་རོགས་རེས། གཞུང་དྲང་ཡིད་རྟོན་སོགས་ཀྱི་བསམ་བློ་ཀུན་སྤྱོད་དང་གོམས་གཤིས་བཟང་པོ་འཇགས་ཐུབ་པ་བྱ་རྒྱུར་རོགས་རམ་བྱེད་པ་དང་། ནར་མ་སོན་པའི་མིས་ཡང་དག་པའི་ངལ་རྩོལ་གྱི་ལྟ་བ་འཛུགས་རྒྱུར་རོགས་རམ་བྱེད་པ། ནར་མ་སོན་པའི་མིས་རང་གི་ལོ་ཚད་དང་འཚམ་པའི་ཁྱིམ་ལས་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་ངལ་རྩོལ་གྱི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་བྱེད་དགོས་པ།

    (བཞི﹚ནར་མ་སོན་པའི་མིར་ཚེ་སྲོག་ལ་བརྩི་འཇོག་དང་རང་ངོས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བདེ་འཇགས་སློབ་གསོ་བཏང་ནས་ནར་མ་སོན་པའི་མིའི་རང་ངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་འཛིན་ཤུགས་དང་ནུས་པ་ཆེ་རུ་གཏོང་དགོས།

    ﹙ལྔ﹚ནར་མ་སོན་པའི་མིའི་སློབ་གསོ་དང་ལེན་བྱེད་དབང་ལ་བརྩི་འཇོག་བྱས་ནས་སློབ་ལོ་རན་པའི་ནར་མ་སོན་པའི་མིས་ཁྲིམས་བཞིན་འགན་བབས་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་འགྲུབ་ཐུབ་པའི་འགན་སྲུང་བྱེད་དགོས་པ།

    ﹙དྲུག﹚ནར་མ་སོན་པའི་མིས་ངལ་གསོ་དང་། རོལ་རྩེད། ལུས་རྩལ་སྦྱོང་བརྡར་བཅས་བྱེད་པའི་དུས་ཚོད་འགན་སྲུང་བྱས་ནས་ནར་མི་སོན་པའི་མིར་ལུས་སེམས་བདེ་ཐང་ཡོང་བར་ཕན་པའི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱས་ཏེ་ཚན་རིག་དང་། ཤེས་དཔལ། བདེ་འཇཌ། ལུཌ་མཐུན་བཅས་ཀྱི་སྒོ་ནས་དྲ་རྒྱ་བེད་སྤྱོད་བྱས་ཏེ་ནར་མ་སོན་པའི་མི་དྲ་རྒྱར་དབྱིངས་ཞུགས་རིགས་སྔོན་འགོག་དང་ཐེ་ཇུས་བྱེད་དགོས་པ།

    ﹙བདུན﹚ནར་མ་སོན་པའི་མིའི་རྒྱུ་ནོར་ལ་དོ་དམ་དང་སྲུང་སྐྱོབ་འོས་འཚམ་བྱེད་དགོས་པ།

    ﹙བརྒྱད﹚ཁྲིམས་བཞིན་ནར་མ་སོན་པའི་མིའི་ངོ་ཚབ་བྱས་ནས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་རོགས་བྱེད་དགོས་པ།

    ﹙དགུ﹚ནར་མ་སོན་པའི་མིའི་བྱ་སྤྱོད་ངན་པ་དང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྔོན་འགོག་དང་བཀག་འགོག་བྱ་རྒྱུ་མ་ཟད། གཅུན་འདོམས་ལུགས་མཐུན་བྱེད་དགོས་པ།

    ﹙བཅུ﹚སྒྲུབ་དགོས་པའི་ལྟ་སྐྱོང་གི་འགན་འཁྲི་གཞན་དག་བཅས་སོ།

    དོན་ཚན་བཅུ་བཞི་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།

    (གཅིག)ནར་མ་སོན་པའི་མིར་མནར་གཅོད་གཏོང་བ་དང་། བསྐྱུར་བ། ཁྲིམས་མིན་གྱིས་གསོ་ཉར་བྱ་རྒྱུར་སྟེར་བ་བཅས་སམ་ཡང་ན་ཁྱིམ་ཚང་དུ་གཏུམ་སྤྱོད་དང་། བརྙས་བཅོས། སྐུར་འདེབས། མཐོང་ཆུང་སོགས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་གཏམ་སྤྱོད་སྤེལ་བ་དང་།

    (གཉིས)ནར་མ་སོན་པའི་མིར་ངན་སྐུལ་དང་། འཇིགས་སྐུལ། བཀོལ་སྤྱོད་བཅས་བྱེད་པ་དང་། དེས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་རིགས་རྒྱ་ཡན་དུ་གཏོང་བའམ་ཡང་ན་འགེབས་སྲུང་བྱེད་པ།

    (གསུམ)ནར་མ་སོན་པའི་མིས་ཆོས་ལོག་དང་རྨོངས་དད་བྱེད་སྒོར་ཞུགས་པའམ་ཡང་ན་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། མཐར་འཛིན་རིང་ལུགས་སོགས་ཀྱི་བཙན་གནོད་དང་ལེན་བྱེད་རིགས་རྒྱ་ཡན་དུ་གཏོང་བ་དང་དེ་རིགས་བྱ་རྒྱུར་ངན་སྐུལ་བྱེད་པ།

    (བཞི)ནར་མ་སོན་པའི་མི་བསླུ་བྲིད་དང་བཙན་སྐུལ་གྱིས་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ནར་མ་སོན་པའི་མི་སྒྲིག་འཛུགས་བྱས་ནས་ཆོས་ལུགས་བྱེད་སྒོར་ཞུགས་སུ་འཇུག་པ།

    (ལྔ)ནར་མ་སོན་པའི་མིས་ཐ་མག(གློག་རྡུལ་ཐ་མག་ཚུད)འཐེན་པ་དང་། ཆང་རག་འཐུང་བ། རྒྱན་འཛུགས་པ། སློང་རྒྱག་པའམ་ཡང་ན་མི་གཞན་ལ་བརྙས་བཅོས་བྱེད་པ་བཅས་རྒྱ་ཡན་དུ་གཏོང་བ་དང་དེ་རིགས་བྱ་རྒྱུར་ངན་སྐུལ་བྱེད་པ།

    (དྲུག)ངེས་པར་དུ་འགན་བབས་སློབ་གསོ་དང་ལེན་ཞུ་དགོས་པའི་ནར་མ་སོན་པའི་མིའི་སློབ་གསོའི་གོ་སྐབས་ཤོར་བ་དང་། སློབ་གྲྭར་འགྲོ་མཚམས་ཆད་པ། སློབ་བྱོལ་དུ་འགྲོ་བ་བཅས་ཀྱི་རིགས་རྒྱ་ཡན་དུ་གཏོང་བའམ་ཡང་ན་དེ་རིགས་བཙན་ཤེད་ཀྱིས་བྱེད་དུ་འཇུག་པ།

    (བདུན)ནར་མ་སོན་པའི་མི་དྲ་རྒྱ་དང་གློག་རྡུལ་རོལ་རྩེད་ལ་དབྱིངས་ཞུགས་པ་དང་། དེའི་ལུས་སེམས་བདེ་ཐང་ལ་གནོད་པའམ་ཡང་ན་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་དཔེ་དེབ་དང་། ཚགས་དེབ། གློག་བརྙན། རླུང་འཕྲིན་བརྙན་འཕྲིན་ལེ་ཚན། སྒྲ་བརྙན་ཐོན་རྫས། གློག་རྡུལ་དཔེ་སྐྲུན་དངོས་རྫས། དྲ་རྒྱའི་ཆ་འཕྲིན་སོགས་ལྟ་ཉན་བྱེད་རིགས་རྒྱ་ཡན་དུ་གཏོང་བ།

    (བརྒྱད)ནར་མ་སོན་པའི་མི་མཚན་མོ་ཁྱིམ་དུ་མི་ལོག་པ་དང་། ཁྱིམ་ནས་བྲོས་བྱོལ་དུ་འགྲོ་བའམ་ཡང་ན་ཚོང་གཉེར་རང་བཞིན་གྱི་རོལ་རྩེད་བྱེད་གནས་དང་། ཨར་ཁང་། མཉམ་སྦྲེལ་དྲ་རྒྱའི་ཞབས་ཞུའི་ཚོང་གཉེར་བྱེད་གནས་སོགས་ནར་མ་སོན་པའི་མི་དང་མི་འཚམ་པའི་བྱེད་སྒོ་སྤེལ་གནས་སུ་འཛུལ་རིགས་རྒྱ་ཡན་དུ་གཏོང་བ།

    (དགུ)ནར་མ་སོན་པའི་མིས་རྒྱལ་ཁབ་ཀྱི་གཏན་འབེབས་ནང་འཁོད་མེད་པའི་ངལ་རྩོལ་ནང་ཞུགས་རིགས་བཀག་འགོག་མི་བྱེད་པའམ་ཡང་ན་དེ་རིགས་བཙན་ཤེད་ཀྱིས་བྱེད་དུ་འཇུག་པ།

    (བཅུ)ནར་མ་སོན་པའི་མི་དང་མི་གཞན་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་འཚོ་བ་སྐྱེལ་བ་དང་། ཕྲུ་གུ་སྐྱེ་བའམ་ཡང་ན་ནར་མ་སོན་པའི་མིར་གཉེན་སྒྲིག་གི་ཁ་དན་འཇོག་པའི་རིགས་བཀག་འགོག་མི་བྱེད་པའམ་ཡང་ན་དེ་རིགས་བཙན་ཤེད་ཀྱིས་བྱེད་དུ་འཇུག་པ།

    (བཅུ་གཅིག)ཁྲིམས་དང་འགལ་ནས་ནར་མ་སོན་པའི་མིའི་རྒྱུ་ནོར་ཐག་གཅོད་དང་ཧམ་བཟུང་བྱེད་པའམ་ཡང་ན་ནར་མ་སོན་པའི་མིར་བརྟེན་ནས་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱེད་པ།

    (བཅུ་གཉིས)ཧྲིལ་ལོ་བརྒྱད་ལ་མ་སོན་པའམ་ཡང་ན་ལུས་སེམས་མི་བདེ་བའི་རྐྱེན་གྱིས་དམིགས་བསལ་ལྟ་སྐྱོང་བྱེད་དགོས་པའི་ནར་མ་སོན་པའི་མི་ལྟ་སྐྱོང་བྱེད་མཁན་མེད་པར་གྱུར་པའམ། ཡང་ན་དེ་ཉིད་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པ་དང་། དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པ། འགོས་ནད་ཚབས་ཆེན་ཕོག་པ། དེ་བཞིན་ལྟ་སྐྱོང་བྱ་རྒྱུར་རྩིས་སྤྲད་ན་འཚམ་པོ་མེད་པའི་མི་སྣ་གཞན་དག་བཅས་ལ་གནས་སྐབས་ལྟ་སྐྱོང་བྱེད་དུ་འཇུག་པ།

    (བཅུ་གསུམ)ཧྲིལ་ལོ་བཅུ་དྲུག་མ་སོན་པའི་ནར་མ་སོན་པའི་མི་ལྟ་སྐྱོང་བྱེད་མཁན་མེད་པར་ཁེར་རྐྱང་འཚོ་བ་སྐྱེལ་དུ་འཇུག་པ།

    (བཅུ་བཞི)འཇིགས་སྐུལ་དང་། མགོ་སྐོར། བསླུ་ཉོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ནར་མ་སོན་པའི་མི་ཁེ་གཉེར་རང་བཞིན་གྱི་ཚོང་ལས་བྱེད་སྒོ་དང་། སྒྲ་བརྙན་པར་ལེན་བྱེད་པའི་ནང་བཙན་ཤེད་ཀྱིས་ཞུགས་སུ་འཇུག་པའམ་ཡང་ན་བསླུ་བྲིད་བྱེད་པ།

    (བཅོ་ལྔ)ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་དང་རྒྱུ་ནོར་གྱི་ཁེ་དབང་ལ་བཙན་གནོད་གཏོང་བའམ་ཡང་ན་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་འོས་འགན་ཁྲིམས་བཞིན་མི་འཁུར་བའི་བྱ་སྤྱོད་གཞན་དག་བཅས་སོ།

    དོན་ཚན་བཅོ་ལྔ་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་ནར་མ་སོན་པའི་མིར་བདེ་འཇགས་ཀྱི་ཁྱིམ་ཚང་འཚོ་བའི་ཁོར་ཡུག་སྐྲུན་དགོས་ཤིང་། ནར་མ་སོན་པའི་མིས་འགྲིམ་འགྲུལ་ཕྱིར་སྐྱོད་དང་། དེ་བཞིན་བརྙས་བཅོས་སྔོན་འགོག་དང་། ཁ་བསླུས་སྔོན་འགོག བསླུས་འཚོང་སྔོན་འགོག མཚན་མའི་བཙན་གནོད་སྔོན་འགོག ཆུར་འབྱིང་རིགས་སྔོན་འགོག མེ་སྐྱོན་སྔོན་འགོག གློག་འཁྱུད་རིགས་སྔོན་འགོག་སོགས་ཐད་ཀྱི་བདེ་འཇགས་ཤེས་བྱའི་སློབ་གསོ་བཏང་ནས་ནར་མ་སོན་པའི་མིར་གནོད་འཚེ་མི་ཕོག་པ་བྱེད་དགོས།

    དོན་ཚན་བཅུ་དྲུག་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཕོག་པ་དང་། ཧ་ལམ་གནོད་འཚེ་ཕོག་ཡོད་པའམ་ཡང་ན་ཁྲིམས་མཐུན་ཁེ་དབང་གཞན་དག་ལ་གནོད་འཚེ་ཕོག་ནས་སེམས་ཁམས་དང་བྱ་སྤྱོད་རྒྱུན་ལྡན་མིན་པ་ཤེས་མ་ཐག་ངེས་པར་དུ་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱས་ཏེ་སྲུང་སྐྱོབ་བྱ་ཐབས་སྤྱོད་དགོས། གནས་ཚུལ་ཚབས་ཆེ་བའི་རིགས། ངེས་པར་དུ་སྤྱི་བདེ་དང་། དམངས་སྲིད། སློབ་གསོ་སོགས་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་མ་ཟད། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ངམ་ཡང་ན་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་རོགས་རམ་གནང་རོགས་ཞུས་ཆོག

    དོན་ཚན་བཅུ་བདུན་པ། ཕ་མས་ནར་མ་སོན་པའི་སྔ་ཚར་དང་། གསོས་ཕྲུག གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་བཅས་ལ་ངེས་པར་དུ་ཁྲིམས་བཞིན་ལྟ་སྐྱོང་བྱེད་འགན་འཁུར་དགོས་པ་ལས་མཐོང་ཆུང་བྱེད་པ་དང་། མནར་གཅོད་གཏོང་བ། གནོད་འཚེ་གཏོང་བའམ་ཡང་ན་སྐྱུར་བའི་རིགས་བཅས་བྱེད་མི་ཆོག

    ལེའུ་གསུམ་པ། སློབ་གྲྭའི་སྲུང་སྐྱོབ།

    དོན་ཚན་བཅོ་བརྒྱད་པ། སློབ་གྲྭས་ངེས་པར་དུ་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་རིགས་གཞུང་སློབ་ཚན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བྱང་ཚད་སློབ་གསོ་ལག་བསྟར་བྱེད་པ་དང་། སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་ནར་མ་སོན་པའི་སློབ་མའི་ཤེས་རྟོཌ་ནུས་པ་དང་། རང་རྐྱ་འཕེར་བའི་བསམ་གཞིགས་ནུས་པ། མཉམ་ལས་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ། ལག་ལེན་གྱི་ནུས་པ། རྒྱུན་ལྡན་འཚོ་བའི་རང་མགོ་ཐོན་ནུས་བཅས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་ནར་མ་སོན་པའི་སློབ་མ་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    བུ་བཅོལ་ཁང་གིས་ངེས་པར་དུ་བྱིས་པ་གསོ་སྐྱོང་དང་དེར་སློབ་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཐོག བྱིས་པའི་ལུས་སེམས་བདེ་ཐང་ཡོང་བའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། བློ་སྒོ་འབྱེད་པའི་སློབ་གསོ་བཏང་ནས་བྱིས་པའི་གཟུགས་གཞི་དང་། བློ་རིག ཀུན་སྤྱོད་སོགས་ཀྱི་ཐད་ཞི་མཐུན་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུའི་ཚན་པ་དང་། ཐོག་མའི་སློབ་གསོ་ཞབས་ཞུའི་ཚན་པ། སློབ་ཕྱིའི་གསོ་སྦྱོང་ཚན་པ། སློབ་ཕྱིའི་བཅོལ་ཉར་ཚན་པ་སོགས་ཀྱིས་ངེས་པར་དུ་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ན་ཚོད་མི་འདྲ་བའི་ནར་མ་སོན་པའི་མིའི་འཚར་ལོངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་གཞིར་བཟུང་། བྱིས་གསོ་བདག་སྐྱོང་དང་། འཚོ་བཅུད་བཟའ་བཅའ། གཟུགས་པོར་སྦྱོང་བརྡར། འཕྲོད་བསྟེན་བདེ་ཐང་། བདེ་འཇགས་ལྟ་སྡོམ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བཅུ་དགུ་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་དགེ་རྒན་གྱི་འོས་ཐོབ་ལག་ཁྱེར་ཡོད་པ་མ་ཟད་ཀུན་སྤྱོད་བཟང་བའི་དགེ་རྒན་གདན་ཞུ་བྱས་ཏེ་དགེ་རྒན་ལས་རིགས་ཀྱི་ཀུན་སྤྱོད་སློབ་གསོ་དང་ལས་སྒོའི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་དགོས།

    སློབ་གྲྭ་དང་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བྱེད་ལས་བཟོས་ནར་མ་སོན་པའི་མིར་ལུས་ཆད་གཅོད་པ་དང་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པའམ་ཡང་ན་མི་གཤིས་དང་ལ་རྒྱར་བརྩི་འཇོག་མ་བྱས་པའི་བྱ་སྤྱོད་གཞན་དག་སྤེལ་མི་ཆོག

    དོན་ཚན་ཉི་ཤུ་པ། སློབ་གྲྭས་ངེས་པར་དུ་གཏན་འབེབས་གཞིར་བཟུང་སེམས་ཁམས་བདེ་ཐང་སློབ་གསོའི་ཆེད་བསྐོས(གཅིག་ལྕོགས)དགེ་རྒན་བཀོད་སྒྲིག་བྱེད་དགོས་པ་དང་། སེམས་ཁམས་ཟུར་ཁྲིད་ཁང་བཙུགས་ཏེ། སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་གྲལ་བཤེར་དང་སྔ་དུས་ཀྱི་ཐེ་ཇུས་ལམ་སྲོལ་བཙུགས་ནས་ནར་མ་སོན་པའི་སློབ་མའི་ལུས་སེམས་འཚར་ལོངས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་སྤྱི་ཚོགས་འཚོ་བའི་མཛུབ་ཁྲིད་དང་། སེམས་ཁམས་བདེ་ཐང་གི་དཔྱད་བསྡུར། ལང་ཚོ་དར་དུས་ཀྱི་སློབ་གསོ། ཚེ་སྲོག་གི་སློབ་གསོ་སོགས་སྤེལ་ནས་ནར་མ་སོན་པའི་སློབ་མར་རྒྱུན་གཏན་གྱི་སེམས་ཁམས་ཟུར་ཁྲིད་དང་བློ་འདྲི་མཁོ་འདོན་བྱས་ཏེ་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་མཉམ་དུ་སློབ་མའི་སེམས་ཁམས་དང་བྱ་སྤྱོད་རྒྱུན་གཏན་མིན་པའི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་དགོས།

    སློབ་གྲྭས་སྤྱི་ཚོགས་ལས་སྒྲུབ་ཞབས་ཞུའི་ཚན་པ་དང་། ཆེད་ལས་སེམས་ཁམས་བདེ་ཐང་ཞབས་ཞུའི་ཚན་པ། བསམ་པའི་འཕྲོད་བསྟེན་སྨན་བཅོས་ཚན་པ་སོགས་དང་མཉམ་ལས་བྱེད་ཐབས་ལ་བརྟེན་ནས་ནར་མ་སོན་པའི་སློབ་མར་ཆེད་ལས་ཀྱི་སེམས་ཁམས་བདེ་ཐང་གི་ཞབས་ཞུ་མཁོ་འདོན་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། སློབ་གྲྭས་ངེས་པར་དུ་ནར་མ་སོན་པའི་སློབ་མར་སྲུང་སྐྱོབ་བྱེད་པའི་ལས་ཀའི་ལམ་ལུགས་བཟོས་ཏེ། ཁྱིམ་ཚང་དང་། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)བཅས་དང་འབྲེལ་གཏུག་བྱེད་ལམ་བཟོས་ནས་ཁྱིམ་བདག་ཨུ་ཡོན་ལྷན་ཁང་བཙུཌ་ཏེ་ཁྱིམ་བདག་གིས་ནར་མ་སོན་པའི་སློབ་མར་སྲུང་སྐྱོབ་བྱེད་ཕྱོགས་དང་སློབ་གསོའི་ལས་དོན་ལ་བཏོན་པའི་བསམ་འཆར་ཉན་འཇོག་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་འཕྲོད་བསྟེན་བདེ་སྲུང་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དགོས་ངེས་ཀྱི་འཕྲོད་བསྟེན་བདེ་སྲུང་གི་ཆ་རྐྱེན་སྐྲུན་པ་དང་། དགོས་ངེས་ཀྱི་སྨན་རྫས་དང་མྱུར་སྐྱོབ་ཡོ་བྱད་ཉོ་སྒྲུབ་བྱས་ནས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་ལ་གཞོགས་འདེགས་ཀྱིས་སློབ་གྲྭ་དང་བུ་བཅོལ་ཁང་དུ་ཡོད་པའི་ནར་མ་སོན་པའི་མིའི་འཕྲོད་བསྟེན་བདེ་སྲུང་དང་རིམས་ནད་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    ནར་མ་སོན་པའི་མིས་སློབ་གྲྭ་དང་བུ་བཅོལ་ཁང་གི་ནང་ངམ་ཡང་ན་སློབ་གྲྭ་དང་བུ་བཅོལ་ཁང་གིས་སྒྲིག་འཛུགས་བྱས་པའི་སློབ་གྲྭའི་ཕྱི་རོལ་དང་། བུ་བཅོལ་ཁང་གི་ཕྱི་རོལ་ལ་བྱེད་སྒོ་སྤེལ་སྐབས་ཐོལ་བྱུང་ནད་རིགས་དང་མི་ལུས་ལ་གནོད་འཚེ་གཏོང་བའི་དོན་རྐྱེན་སོགས་ཐོན་མ་ཐག་སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་སྲོག་སྐྱོབ་བྱས་ནས་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་སྦྲགས། དུས་ཐོག་ཏུ་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལའང་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་གསུམ་པ། སློབ་གྲྭས་ངེས་པར་དུ་ནར་མ་སོན་པའི་སློབ་མའི་སློབ་གསོ་ཐོབ་དབང་འགན་སྲུང་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་ལོ་རན་ནར་མ་སོན་པའི་མི་སློབ་གྲྭར་ཞུགས་སུ་མི་འཇུག་པ་དང་། སློབ་སྦྱོང་ལ་དཀའ་ངལ་ཡོད་པ་དང་ལུས་སེམས་བདེ་ཐང་མེད་པའི་ནར་མ་སོན་པའི་སློབ་མར་མཐོང་ཆུང་བྱེད་པ། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་ནར་མ་སོན་པའི་སློབ་མ་ཕྱིར་འབུད་བྱེད་པ། རྣམ་པ་འགྱུར་ནས་ཕྱིར་འབུད་བྱེད་པའམ་ཡང་ན་ནར་མ་སོན་པའི་སློབ་མ་ཕྱིར་འཐེན་དང་སློབ་སྒྱུར་བྱ་རྒྱུའི་ཁ་ཏ་བྱེད་པ་བཅས་ཀྱི་རིགས་བྱེད་མི་ཆོག

    སློབ་གྲྭས་ངེས་པར་དུ་འགན་བབས་སློབ་གསོ་ལེགས་འགྲུབ་བྱུང་མེད་པའི་སློབ་གྲྭར་འགྲོ་མཚམས་ཆད་པའི་ནར་མ་སོན་པའི་སློབ་མ་ཐོ་འགོད་བྱེད་དགོས་པ་མ་ཟད། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་མཉམ་དུ་སློབ་གྲྭར་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བྱེད་པ་དང་སྦྲགས་སློབ་གྲྭར་བསྐྱར་ཞུགས་བྱ་རྒྱུའི་ལས་དོན་སྤེལ་དགོས། ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བྱས་ཀྱང་ཕན་ནུས་མ་ཐོན་ཚེ། ངེས་པར་དུ་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་འཕྲལ་མར་ཡིག་ཐོག་ནས་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་བཞི་པ། སློབ་གྲྭས་ངེས་པར་དུ་ལུས་སེམས་ཐང་པོ་མེད་པའི་སློབ་མར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་ནས་མཉམ་འདྲེས་སློབ་གསོ་ལག་བསྟར་གྱིས་དམིགས་བསལ་རྒྱབ་སྐྱོར་གནང་དགོས། སློབ་སྦྱོང་ལ་དཀའ་ངལ་ཡོད་པ་དང་བྱ་སྤྱོད་རྒྱུན་ལྡན་མིན་པའི་སློབ་མར་ངེས་པར་དུ་བྱ་ཐབས་འོས་འཚམ་སྤྱད་དེ་སློབ་གསོ་དང་རོགས་རམ་བྱེད་དགོས་ཤིང་། དགོས་ངེས་སྐབས་དགེ་རྒན་ནམ་ཡང་ན་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་སློབ་གྲོལ་ཟུར་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་རོགས་རམ་དང་རྒྱབ་སྐྱོར་བྱས་ཆོག

    སློབ་གྲྭས་ངེས་པར་དུ་གཞིས་ལུས་སློབ་མ་དང་དཀའ་ངལ་ཡོད་པའི་སློབ་མའི་ཡིག་ཚགས་བཟོ་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་གཅེས་སྐྱོང་དང་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཁྱིམ་ཚང་གནས་ཚུལ་གྱི་རྐྱེན་པས་སློབ་གསོའི་གོ་སྐབས་ཤོར་བ་དང་སློབ་གྲྭར་འགྲོ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། སློབ་གྲྭས་ངེས་པར་དུ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། སློབ་མའི་དགོས་མཁོ་སྣ་ཚོགས་སྐོང་དགོས་པ་དང་། སློབ་མར་སྦྱོང་ཚན་ཟུར་ཁྲིད་བྱེད་པའམ་ཡང་ན་ཚན་རིག་ཁྱབ་གདལ་གཏོང་བ་དང་། དེ་བཞིན་རིག་གནས་ལུས་རྩལ་དང་། སྒྱུ་རྩལ། ངལ་རྩོལ། ལྟ་ཀློག དགའ་འདོད་ཚོགས་ཆུང་། སྤྱི་ཚོགས་ཚོགས་པ་སོགས་ཀྱི་བྱེད་སྒོ་སྤེལ་དགོས།

    སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་དེ་སྤྱིར་བཏང་བྱས་ན་སློབ་གྲྭ་དེ་གའི་དགེ་རྒན་གྱིས་སྒྲུབ་འགན་འཁུར་དགོས་པ་དང་། རྒན་ཡོལ་ཞུས་པའི་དགེ་རྒན་དང་འོས་ཐོབ་ལྡན་པའི་སྤྱི་ཚོགས་ཆེད་ལས་མི་སྣའམ་ཡང་ན་དང་བླངས་པ་གདན་ཞུ་བྱས་ནས་ཞབས་ཞུ་བསྒྲུབས་ཆོག་ལ་གྲངས་འཛིན་ཅན་གྱི་སློབ་ཚན་ལས་སྟེགས་བརྒྱུད་སློབ་ཚན་གྲོལ་རྗེས་ཀྱི་སྤུས་ལེགས་ཞབས་ཞུའི་ཐོན་ཁུངས་ནང་འདྲེན་བྱས་ནའང་འགྲིག

    སློབ་གསོ་དང་ནོར་སྲིད་སོགས་སྡེ་ཚན་གྱིས་ངེས་པར་དུ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་འགན་སྲུང་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ནས་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་སྒྲུབ་ལམ་རྒྱ་ཆེར་གཏོང་དགོས།

    དོན་ཚན་ཉེར་དྲུག་པ། སློབ་གྲྭས་ངེས་པར་དུ་ནར་མ་སོན་པའི་སློབ་མའི་ངལ་གསོ་དང་། རོལ་རྩེད། ལུས་རྩལ་སྦྱོང་བརྡར་བཅས་ཀྱི་དུས་ཚོད་འགན་སྲུང་བྱས་ཏེ། ལུས་སེམས་བདེ་ཐང་ཡོང་བར་ཕན་པའི་རིག་གནས་ལུས་རྩལ་དང་རོལ་རྩེད་བྱེད་སྒོ་སྣ་ཚོགས་ནང་ནར་མ་སོན་པའི་སློབ་མ་ཞུགས་རྒྱུའི་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་དགོས་པ་མ་ཟད། སློབ་གྲྭ་དེ་གའི་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་སྡེ་ཚོགས་དང་། ལོ་ཆུང་གདོང་ལེན་རུ་ཁག སློབ་མའི་ལྷན་ཚོགས་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

    སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་གྱི་གུང་སེང་དང་། ངལ་གསོའི་ཉིན་མོ། དེ་བཞིན་དབྱར་དགུན་གུང་གསེང་བཅས་བཟུང་སྤྱོད་བྱས་ནས་འགན་བབས་སློབ་གསོའི་དུས་འཚམ་གྱི་ནར་མ་སོན་པའི་སློབ་མ་སྒྲིག་འཛུཌ་བྱས་ནས་ཐུན་མོང་དུ་གསབ་ཁྲིད་བྱེད་མི་ཆོག

    སློབ་གྲྭ་དང་བུ་བཅོལ་ཁང་གིས་སློབ་ཕྱིའི་གསོ་སྦྱོང་ཚན་པ་དང་མཉམ་ལས་བྱས་ནས་ནར་མ་སོན་པའི་མིར་རིན་དོད་ཡོད་པའི་སློབ་ཚན་ཟུར་ཁྲིད་བྱེད་མི་ཆོག་པ་དང་། བུ་བཅོལ་ཁང་དང་སློབ་ཕྱིའི་གསོ་སྦྱོང་ཚན་པས་སློབ་ན་མ་སོན་པའི་ནར་མ་སོན་པའི་མིར་སློབ་ཆུང་གི་སློབ་ཚན་ཁྲིད་མི་ཆོག

    དོན་ཚན་ཉེར་བདུན་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་བདེ་འཇགས་དོ་དམ་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ནར་མ་སོན་པའི་མིར་བདེ་འཇགས་སློབ་གསོ་སྤེལ་དགོས་ཤིང་། སློབ་གྲྭའི་བདེ་སྲུང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་སྲུང་མི་སྣ་བཀོད་སྒྲིག་བྱེད་པ། དུས་བཀག་ལྟར་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་བཅས་བྱས་ནས་སློབ་གྲྭ་དང་བུ་བཅོལ་ཁང་དུ་སྡོད་རིང་ནར་མ་སོན་པའི་མིའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས། ཞག་སྡོད་ཞབས་ཞུ་སྒྲུབ་མཁན་སློབ་གྲྭས་ད་དུང་ངེས་པར་དུ་མཚན་མོའི་སྡོད་བྱ་དང་བདེ་འཇགས་སྐོར་ཞིབ་ལམ་ལུགས་བཟོ་དགོས།

    སློབ་གྲྭ་དང་། བུ་བཅོལ་ཁང་དང་དེའི་དགེ་རྒན་དང་ལས་བཟོ་བས་སློབ་གྲྭ་དང་བུ་བཅོལ་ཁང་དུ་སློབ་ཁྲིད་ཀྱི་སྒྲིག་ལམ་དཀྲུག་པའམ་ཡང་ན་ནར་མ་སོན་པའི་མིའི་ལུས་ཁམས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་ཕྱིན་ངེས་པར་དུ་བཀག་འགོག་བྱེད་དགོས་པ་དང་། དགོས་ངེས་སྐབས་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    ནར་མ་སོན་པའི་མིས་བཀག་སྡོམ་གྲི་ཆས་དང་འབར་གས་སླ་བ་སོགས་ཉེན་ཆེའི་དངོས་རྫས་འཁྱེར་ཡོད་མེད་དམ་ཡང་ན་ཉར་ཚགས་བྱས་ཡོད་མེད་ལ་སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་དུས་བཀག་ལྟར་ཞིབ་བཤེར་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་སྤྱི་དང་བུ་བཅོལ་ཁང་གི་འགོ་འཛིན་གྱི་འགན་འཁུར་ལམ་ལུགས་ལག་བསྟར་བྱས་ནས་ཆེད་ལས(གཅིག་ལྕོགས)ལས་རིགས་ཀྱི་བཟའ་བཅའི་བདེ་འཇགས་དོ་དམ་པ་དང་འཚོ་བཅུད་བདེ་ཐང་དོ་དམ་པ་བཀོད་སྒྲིག་བྱས་ཐོག གཅིག་སྡུད་ཟ་མ་ཟ་བའི་ལས་གནས་འགན་འཁྲིའི་ལམ་ལུགས་བཟོས་པ་མ་ཟད་དོན་འཁྱོལ་བྱས་ཏེ་དུས་བཀག་ལྟར་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དུ་འཇུག་དགོས། ཉོ་སྒྲུབ་བྱས་པའི་བཟའ་བཅའ་དེ་ངེས་པར་དུ་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་པ་དགོས།

    སློབ་གྲྭ་དང་བུ་བཅོལ་ཁང་གིས་ནར་མ་སོན་པའི་མིར་མཁོ་འདོན་བྱས་པའི་སློབ་གསོ་སློབ་ཁྲིད་དང་འཚོ་བའི་སྒྲིག་བཀོད་དང་། དེ་བཞིན་སྨན་རྫས་དང་། གྱོན་ཆས། སློབ་ཆས། གསོལ་ཆས། ལུས་རྩལ་ལུས་སྦྱོང་ཡོ་བྱད་སོགས་སློབ་སྦྱོང་དང་། འཚོ་བ། བྱེད་སྒོ་བཅས་ཀྱི་མཁོ་ཆས་རྣམས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་པ་དགོས།

    དོན་ཚན་ཉེར་དགུ་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་དགོས་མཁོར་གཞིགས་ནས་རང་བྱུང་གནོད་འཚེ་དང་། ལས་འཛོལ་གོད་ཆག སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སློབ་འཁོར་གྱི་བདེ་འཇགས་སོགས་ཐོལ་བྱུང་དོན་རྐྱེན་དང་བསམ་ཡུལ་ལས་འདས་པའི་གནོད་འཚེར་ཁ་གཏད་གཅོག་པའི་སྔོན་ཇུས་བཟོ་དགོས་པ་མ་ཟད། དེ་མཚུངས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཏེ། སློབ་ལོ་རེར་ཉུང་མཐར་ཡང་འཕྲལ་སྡོམ་ནང་སྦྱོང་ཐེངས་རེ་བྱེད་དགོས།

    སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་ནར་མ་སོན་པའི་མིར་འཕྲལ་སྡོམ་ཤེས་བྱའི་སློབ་གསོ་སྤེལ་ནས་ནར་མ་སོན་པའི་མིའི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།

    དོན་ཚན་སུམ་ཅུ་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ནར་མ་སོན་པའི་མི་ཚོང་ལས་རང་བཞིན་ལྡན་པའི་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་མི་ཆོག་པ་དང་། ནར་མ་སོན་པའི་མི་དང་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་འགྲེམ་འཚོང་དང་རྣམ་པ་འགྱུར་བའི་འགྲེམ་འཚོང་ངམ་ཡང་ན་དེར་སློབ་ཁྲིད་ཟུར་ཁྲིད་དཔྱད་ཡིག་དང་། སློབ་ཁྲིད་ཟུར་ཁྲིད་སློབ་ཚན། སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སོགས་དམིགས་འཛུགས་བྱས་པའི་ཚོང་ཟོག་དང་ཞབས་ཞུ་ཉོ་སྒྲུབ་བྱེད་དགོས་པའི་བླང་བྱ་འདོན་མི་ཆོག་ལ། ནར་མ་སོན་པའི་མི་དང་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་བཙན་ཤེད་ཀྱིས་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་ཏུ་འཇུག་མི་ཆོག

    དོན་ཚན་སོ་གཅིག་པ། སློབ་གྲྭས་ངེས་པར་དུ་སློབ་མའི་བརྙས་བཅོས་ལ་སྔོན་འགོག་བཅོས་སྐྱོང་བྱ་རྒྱུ་དེ་སློབ་གྲྭའི་བདེ་འཇགས་ལས་དོན་ནང་འཇུག་དགོས་ཤིང་། སློབ་མའི་བརྙས་བཅོས་འགོག་ཟོན་དང་ཐག་གཅོད་བྱེད་ལམ་བཟོས་ཏེ། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ཚགས་ཚུད་པོ་བཟོས་ནས་འགན་འཁུར་བ་ཁ་གསལ་བཟོ་དགོས།

    སློབ་གྲྭས་སློབ་མར་བརྙས་བཅོས་བྱེད་པའི་བྱ་སྤྱོད་སྤེལ་བ་ཤེས་རྟོཌ་བྱུང་མ་ཐག་ངེས་པར་དུ་བཀག་འགོག་བྱེད་དགོས་པ་མ་ཟད། བརྙས་བཅོས་བྱེད་མཁན་དང་བརྙས་བཅོས་ཕོག་མཁན་ནར་མ་སོན་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་བསྐོངས་ཏེ་བརྙས་བཅོས་བྱ་སྤྱོད་ངོས་འཛིན་དང་ཐག་གཅོད་བྱེད་པའི་ནང་ཞུཌ་སུ་འཇུག་དགོས། འབྲེལ་ཡོད་ནར་མ་སོན་པའི་སློབ་མར་དུས་ཐོག་ཏུ་སེམས་ཁམས་ཐད་ཀྱི་ཟུར་ཁྲིད་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་དགོས། འབྲེལ་ཡོད་ནར་མ་སོན་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་དགོས་ངེས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་བྱེད་དགོས།

    བརྙས་བཅོས་བྱེད་མཁན་ནར་མ་སོན་པའི་སློབ་མར། སློབ་གྲྭས་ངེས་པར་དུ་བརྙས་བཅོས་བྱ་སྤྱོད་ཀྱི་ངོ་བོ་དང་ཚད་གཞིར་གཞིགས་ནས་ཁྲིམས་བཞིན་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྙས་བཅོས་ཀྱི་བྱ་སྤྱོད་ཚབས་ཆེ་བའི་རིགས་སློབ་གྲྭས་སྦ་གསང་བྱེད་མི་ཆོག་པ་མ་ཟད། ངེས་པར་དུ་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུས་ཏེ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

    སློབ་གྲྭས་ངེས་པར་དུ་དུས་བཀག་ལྟར་བརྙས་བཅོས་འགོག་བཅོས་ཐད་ཀྱི་ཆེད་དོན་བརྟག་དཔྱད་བྱེད་དགོས་ཤིང་། ཐེར་འདོན་དང་ཞུ་སྦྱོར་ཁ་པར་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དུས་ཐོག་ཏུ་སློབ་མར་བརྙས་བཅོས་བྱས་ཚུལ་ཤེས་ཐུབ་པ་བྱས་ཐོག སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཉེན་བརྡ་གཏོང་ཐུབ་པ་བྱས་ནས་དུས་ཐོག་ཏུ་གོང་ཞུ་དང་ཐག་གཅོད་འོས་འཚམ་ཐུབ་པ་བྱེད་དགོས།

    སློབ་གྲྭས་ངེས་པར་དུ་སློབ་མར་བརྙས་བཅོས་བྱེད་རིགས་སློབ་མས་རང་འགུལ་དང་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུའི་ཐད་སློབ་གསོ་དང་རྒྱབ་སྐྱོར་བྱས་ཏེ། རང་ཉིད་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

    དོན་ཚན་སོ་གཉིས་པ། ཕྱོགས་གཅིག་གིས་ངན་ཇུས་འདིང་བའམ་ཡང་ན་ངན་སེམས་བཅངས་ནས་རྐང་ལག་དང་། སྐད་བརྡ། དྲ་རྒྱ་སོགས་ལ་བརྟེན་ཏེ་བརྙས་བཅོས་གཉའ་གནོན་དང་ཐུབ་ཚོད་བཏང་ནས་ཕྱོགས་གཞན་པ་དེའི་མི་ལུས་ལ་གནོད་འཚེ་དང་། རྒྱུ་ནོར་ལ་གྱོང་གུན་བཟོས་པའམ་ཡང་ན་སེམས་ཁམས་ལ་གནོད་འཚེ་བཏང་བ་བཅས་ཀྱི་སློབ་མའི་དབར་ཐོན་པའི་བྱ་སྤྱོད་རིགས་སློབ་མར་བརྙས་བཅོས་བྱས་པར་ངོས་འཛིན་བྱས་ཆོག་ཅིང་། ཞིབ་ཕྲ་གཤམ་གསལ་ཏེ།

    (གཅིག)ཉེས་རྡུང་གཏོང་བ་དང་། རྡོག་རྒྱག་ཞུ་བ། འགྲམ་ལྕག་ཞུ་བ། སོ་དང་སེན་བྲད་རྒྱག་པ། འཕུལ་རྡེག་གཏོང་བ། འཐེན་རེས་བྱེད་པ་སོགས་མི་གཞན་གྱི་ལུས་པོར་བཙན་གནོད་གཏོང་བའམ་ཡང་ན་འཇིགས་སྐུལ་བྱེད་པའི་རིགས་དང་།

    (གཉིས)དམའ་འབེབས་གཏོང་བ་དང་། ཟུར་ཟ་བྱེད་པ། འཕྱ་སྨོད་བྱེད་པ། རྒྱག་གཏམ་ཤོད་པ། བརྙས་བཅོས་རང་བཞིན་གྱི་མིང་འདོགས་རྒྱག་པ་སོགས་ལ་བརྟེན་ནས་མི་གཞན་གྱི་མི་གཤིས་དང་ལ་རྒྱར་བཙན་གནོད་གཏོང་བའི་རིགས།

    (གསུམ)གཞན་གྱི་རྒྱུ་དངོས་བཙན་འཕྲོག་དང་། ཧམ་བཟུང་བཙན་ལེན་བྱེད་པའམ་ཡང་ན་རྐང་བཙུཌ་ནས་གཏོར་སྐྱོན་གཏོང་བའི་རིགས།

    (བཞི)ངན་སེམས་བཅངས་ནས་མི་གཞན་ཟུར་འབུད་དང་ཁེར་རྐྱང་དུ་བཞག་ནས་སློབ་གྲྭའི་བྱེད་སྒོའམ་ཡང་ན་སྤྱི་ཚོགས་ཀྱི་སྤེལ་རེས་ནང་ཞུགས་རྒྱུར་འགོག་རྐྱེན་བཟོ་བའི་རིགས།

    (ལྔ)དྲ་རྒྱའམ་ཡང་ན་ཆ་འཕྲིན་སྤེལ་གཏོང་བྱེད་ལམ་གཞན་དག་སྤྱད་དེ་མི་བདེན་རྫུན་སྒྲིག་གིས་མི་གཞན་ལ་སྐུར་འདེབས་དང་། དཀྲོག་གཏམ་མམ་ཡང་ན་ཆ་འཕྲིན་སྐྱོན་ཅན་སྤེལ་ཏེ་མི་གཞན་ལ་དམའ་འབེབས་གཏོང་བ་དང་། ངན་སེམས་བཅངས་ནས་མི་གཞན་གྱི་གསང་དོན་ཕྱི་བསྒྲགས་བྱེད་པའི་རིགས།

    (དྲུག)ནར་མ་སོན་པའི་སློབ་མའི་ལུས་ཁམས་ལ་གནོད་འཚེ་གཏོང་བ་དང་། རྒྱུ་ནོར་ལ་གྱོང་གུན་བཟོ་བའམ་ཡང་ན་སེམས་ཁམས་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱ་སྤྱོད་གཞན་དག་བཅས་སོ།

    དོན་ཚན་སོ་གསུམ་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ནར་མ་སོན་པའི་མིར་ཆགས་སྤྱོད་བཙན་གནོད་དང་འདོད་སྲེད་བརྙས་བཅོས་བྱེད་རིགས་མི་ཐོན་པ་བྱ་རྒྱུའི་ལམ་ལུགས་འཛུགས་དགོས་པ་དང་། ནར་མ་སོན་པའི་མིར་ཁོང་ཚོའི་ལོ་ཚད་དང་འཚམ་པའི་མཚན་མའི་སློབ་གསོ་བཏང་ནས་ནར་མ་སོན་པའི་མིས་ཆགས་སྤྱོད་བཙན་གནོད་དང་འདོད་སྲེད་བརྙས་བཅོས་སྔོན་འགོག་བྱེད་པའི་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས།

    སློབ་གྲྭ་དང་བུ་བཅོལ་ཁང་གིས་ནར་མ་སོན་པར་ཆགས་སྤྱོད་བཙན་གནོད་ཕོག་པ་ཤེས་ཚེ། དུས་ཐོག་ཏུ་འབྲེལ་ཡོད་སྲུང་སྐྱོབ་བྱ་ཐབས་སྤྱོད་དགོས་པ་མ་ཟད། དེའི་ཕ་མའམ་ལྟ་སྐྱོང་པ་གཞན་དག་གིས་དེ་དོན་ཤེས་སུ་བཅུག་པ་དང་སྦྲགས་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

    རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཆགས་སྤྱོད་གནོད་འཚེ་ཕོག་པ་དང་འདོད་སྲེད་བརྙས་བཅོས་ཕོག་པའི་ནར་མ་སོན་པའི་མིའི་གསང་དོན་དང་དེའི་ཁྱིམ་ཚང་གི་ཆ་འཕྲིན་ཕྱི་རུ་གྱར་མི་ཆོག

    དོན་ཚན་སོ་བཞི་པ། སློབ་གྲྭ་དང་བུ་བཅོལ་ཁང་གིས་ངེས་པར་དུ་དགོས་ངེས་བྱ་ཐབས་སྤྱད་དེ་དགེ་རྒན་ལས་བཟོ་དང་སློབ་གྲྭའི་ནང་འཛུལ་མཁན་གཞན་དག་གིས་གཤམ་གསལ་བྱེད་སྤྱོད་སྤེལ་རིགས་སྔོན་འགོག་དང་བཀག་སྡོམ་བྱེད་དགོས་པ་སྟེ།

    (གཅིག)ནར་མ་སོན་པའི་མི་དང་དགའ་རོགས་སྒྲིག་པའམ་ལུས་འབྲེལ་བྱེད་པའི་རིགས་དང་།

    (གཉིས)ནར་མ་སོན་པའི་མིའི་གཟུགས་པོར་ཕུར་ཕུར་བཏང་བ་དང་རྐང་བཙུགས་ནས་ཐུག་ཐུག་བྱེད་པ་སོགས་ཀྱི་ཐ་ཤལ་བྱ་སྤྱོད།

    (གསུམ)ནར་མ་སོན་པའི་མིར་ཆགས་རྩེད་དང་། སྙད་རྐོ་བའམ་ཡང་ན་འདེད་སྲེད་ཀྱི་ལྐོག་བརྡ་གཏོང་བའི་གཏམ་སྤྱོད།

    (བཞི)ནར་མ་སོན་པའི་མིར་འདོད་ལོག་དང་ཆགས་སྲེད་ཀྱི་ནང་དོན་ཡོད་པའི་ཆ་འཕྲིན་དང་། དཔེ་དེབ། གློག་བརྙན། སྒྲ་བརྙན། པར་རིས་བཅས་སམ་ཡང་ན་འདོད་ལོག་ཆགས་སྲེད་ཀྱི་དངོས་རྫས་གཞན་དག་འགྲེམས་སྟོན་བྱེད་པའི་རིགས།

    (ལྔ)ཆགས་སྤྱོད་བཙན་གནོད་དང་འདོད་སྲེད་བརྙས་བཅོས་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་གཞན་དག་བཅས་སོ།

    ལེའུ་བཞི་པ། སྤྱི་ཚོགས་ཀྱི་སྲུང་སྐྱོབ།

    དོན་ཚན་སོ་ལྔ་པ། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིར་དོ་ཁུར་དང་གཅེས་སྐྱོང་བྱེད་པའི་དར་སྲོལ་བཟང་པོ་འཛུགས་དགོས། རང་སྐྱོང་ལྗོངས་ཀྱིས་མི་དམངས་ཚོགས་པ་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། དེ་བཞིན་རྩ་འཛུགས་དང་མི་སྒེར་གཞན་དག་བཅས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། ནར་མ་སོན་པའི་མི་རྣམས་སྐྱོན་བྲལ་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་དང་ཞབས་ཞུ་སྤེལ་དགོས།

    དོན་ཚན་སོ་དྲུག་པ། གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། མི་རབས་རྗེས་མར་དོ་ཁུར་བྱེད་མཁན་ལས་དོན་ཨུ་ཡོན་ལྷན་ཁང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། སློབ་གྲྭ་བ་མཉམ་འབྲེལ་ལྷན་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་དང་དེ་བཞིན་མི་དམངས་ཚོགས་པ་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་རྩ་འཛུགས་གཞན་དག་གིས་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ། རིམ་ཁག་མི་དམངས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ལ་གཞོགས་འདེགས་བྱས་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

    དོན་ཚན་སོ་བདུན་པ། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་ཆེད་མི་བཀོད་སྒྲིག་བྱས་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་འགན་འཁུར་དགོས་ལ། གཞིས་ལུས་ནར་མ་སོན་པའི་མི་དང་དཀའ་ངལ་ཡོད་པའི་ནར་མ་སོན་པའི་མིའི་ཆ་འཕྲིན་ཡིག་ཚཌ་བཟོས་ནས་གཏོཌ་ཁོངས་དེ་གའི་འགན་བབས་སློབ་གསོའི་དུས་མཚམས་ཀྱི་ནར་མ་སོན་པའི་སློབ་མའི་སློབ་གསོའི་གོ་སྐབས་ཤོར་བ་དང་སློབ་གྲྭར་འགྲོ་མཚམས་ཆད་པའི་གནས་ཚུལ་ཁོང་དུ་ཆུད་པའི་ཁར། ཁྱིམ་ཚང་གིས་སློབ་གྲྭར་གཞོགས་འདེགས་བྱས་ནས་སློབ་གསོའི་གོ་སྐབས་ཤོར་བ་དང་སློབ་གྲྭར་འགྲོ་མཚམས་ཆད་པའི་སློབ་མའི་ཆ་འཕྲིན་ཞིབ་བསྡུར་བྱ་རྒྱུར་སྐུལ་མ་བཏང་སྟེ་སློབ་མ་ཕྱིར་ལོག་གིས་སློབ་སྒོ་བསྐྱར་འགྲིམས་བྱེད་པའི་ལས་དོན་སྤེལ་དགོས།

    གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་བརྟེན་ནས་སྡེ་ཁུལ་དུ་ཁྱིམ་བདག་སློབ་གྲྭ་སོགས་ཁྱིམ་ཚང་སློབ་གསོའི་ཞབས་ཞུའི་ས་ཚིགས་བཙུགས་ཏེ་ནར་མ་སོན་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུ་སྒྲུབ་དགོས།

    དོན་ཚན་སོ་བརྒྱད་པ། སློབ་གྲྭ་དང་བུ་བཅོལ་ཁང་གི་མཐའ་སྐོར་དུ་ཐ་མག་དང་། ཨ་རག རྒྱན་ཤོག་བཅས་ཀྱི་ཕྱིར་འཚོང་ལས་ཚིགས་འཛུགས་མི་ཆོག་ལ། ཚོང་གཉེར་རང་བཞིན་གྱི་རོལ་རྩེད་བྱེད་གནས་དང་། ཨར་ཁང་། མཉམ་སྦྲེལ་དྲ་རྒྱའི་ཞབས་ཞུ་ལས་གཉེར་བྱེད་གནས། ཚོང་གཉེར་རང་བཞིན་གྱི་གློག་རྡུལ་རོལ་རྩེད་བྱེད་གནས་སོགས་ནར་མ་སོན་པའི་མིར་ཕན་ཐོགས་སྤུ་ཙམ་མེད་པའི་བྱེད་སྒོ་སྤེལ་གནས་འཛུགས་མི་ཆོག

    དོན་ཚན་སོ་དགུ་པ། འཁྲབ་གཞུང་རོལ་རྩེད་ལས་གཉེར་བྱེད་ཡུལ་དུ་སྤྱོད་རྒྱུའི་འཁྲབ་གཞུང་གི་འཁྲབ་དེབ་ཐོག་ངེས་པར་དུ་ལོ་རན་གསལ་འདེབས་བྱེད་དགོས་པ་འདི་ལྟ་སྟེ། ལོ་རན་ཁྱབ་ཁོངས་དང་། འཁྲབ་གཞུང་འཁྲབ་དེབ་ཀྱི་མིང་། རྩོམ་པ་པོ། ངོ་སྤྲོད་མདོར་བསྡུས་སོགས་ཀྱི་ཆ་འཕྲིན་གསལ་པོར་འགོད་དགོས། འཁྲབ་གཞུང་ནང་ནར་མ་སོན་པའི་མིའམ་ཡང་ན་ནར་མ་སོན་པའི་མིའི་ལུས་སེམས་ལ་གནོད་བཟོ་ཡོད་པའི་ནང་དོན་ཡོད་ཕྱིན། ནར་མ་སོན་པ་འཛུལ་དུ་འཇུག་མི་ཆོག རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་། ངལ་གསོའི་ཉིན་མོ། དབྱར་དགུན་གུང་གསེང་བཅས་ཕུད། ནར་མ་སོན་པར་འཁྲབ་གཞུང་གི་རོལ་རྩེད་བྱེད་སྒོ་མཁོ་འདོན་བྱེད་མི་ཆོག

    ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གི་མོས་མཐུན་མ་ཐོབ་པར། ནར་མ་སོན་པའི་མིར་སྨན་བཅོས་མཛེས་བཟོའི་ཞབས་ཞུ་སྒྲུབ་མི་ཆོག གལ་ཏེ་ཛ་དྲག་སྨན་བཅོས་བྱེད་དགོས་ངེས་ཡིན་ཡང་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གི་མོས་མཐུན་ཐོབ་ཐབས་བྲལ་ཕྱིན། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཉེར་སྒྲུབ་བྱེད་དགོས།

    རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་ནར་མ་སོན་པའི་མིར་ལུས་ཐོག་རིས་བརྐོས་ཞབས་ཞུ་སྒྲུབ་མི་ཆོག་པ་དང་། ནར་མ་སོན་པར་བཙན་ཤེད་དང་། བསླུ་བྲིད། ངན་སྐུལ་བཅས་བྱས་ནས་ལུས་ཐོག་རིས་བརྐོས་བྱེད་དུ་འཇུག་མི་ཆོག ལུས་ཐོག་རིས་བརྐོས་ཞབས་ཞུ་སྒྲུབ་མཁན་གྱིས་ནར་མ་སོན་པའི་མིར་ལུས་ཐོག་རིས་བརྐོས་ཞབས་ཞུ་མི་སྒྲུབ་པའི་བརྡ་རྟགས་མངོན་གསལ་དོད་སར་འགོད་དགོས།

    ནར་སོན་མིན་གསལ་འབྱེད་དཀའ་བའི་རིགས་ལ་རྩིས་འགྲོ་ཡོད་པའི་ཐོབ་ཐང་ལག་ཁྱེར་འདོན་རྒྱུའི་བླང་བྱ་འདོན་དགོས།

    དོན་ཚན་བཞི་བཅུ་པ། མི་སུ་ཞིག་ཡིན་རུང་སློབ་གྲྭ་དང་། བུ་བཅོལ་ཁང་། ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུ་ཚན་པ། བྱིས་པའི་ཕན་བདེ་ཚན་པ་སོགས་ནར་མ་སོན་པའི་མིའི་གཅིག་སྡུད་བྱེད་སྒོ་སྤེལ་སའི་མི་ཚོགས་འདུ་སར་ཐ་མག་འཐེན་པ་དང་ཆང་རག་འཐུང་བའི་རིགས་བྱེད་མི་ཆོག

    དོན་ཚན་ཞེ་གཅིག་པ། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་ནར་མ་སོན་པའི་མི་སྒྲིག་འཛུགས་དང་། ཚོད་འཛིན། འཇིགས་སྐུལ། བསླུ་བྲིད། བཀོལ་སྤྱོད་བཅས་བྱས་ནས་སྒྱུ་རྩལ་འཚོང་བ་དང་སློང་རྒྱག་ཏུ་གཏོང་མི་ཆོག་ལ། ནར་མ་སོན་པའི་མིས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ནང་ཞུགས་པའམ་ཡང་ན་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་བར་ངན་སྐུལ་དང་། འཇིགས་སྐུལ། བསླུ་བྲིད། འགེབས་སྲུང་བཅས་བྱེད་མི་ཆོག་པ་དང་། ནར་མ་སོན་པའི་མིར་ཆགས་སྤྱོད་བཙན་གནོད་དང་འདོད་སྲེད་བརྙས་བཅོས་བྱེད་མི་ཆོག

    རྒྱལ་ཁབ་ཀྱི་དམིགས་བསལ་གཏན་འབེབས་ཡོད་པ་ཕུད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་འགན་བབས་སློབ་གསོ་དང་ལེན་བྱས་ཚར་མེད་པ་དང་ཧྲིལ་ལོ་བཅུ་དྲུག་མ་ལོན་པའི་ནར་མ་སོན་པའི་མི་ཆོས་ཕྱོགས་མི་སྣའི་ཁོངས་སུ་བསྡུ་མི་ཆོག

    དོན་ཚན་ཞེ་གཉིས་པ། ནར་མ་སོན་པའི་མི་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚན་པས་ངེས་པར་དུ་ཁྲིམས་བཞིན་ལས་ཞུགས་འདྲི་རྩད་ཀྱི་འོས་འགན་སྒྲུབ་དགོས་པ་ལས། ཆགས་སྤྱོད་བཙན་གནོད་བྱེད་པ་དང་། མནར་གཅོད་གཏོང་བ། བསླུས་འཚོང་བྱེད་པ། གཏུམ་སྤྱོད་སྤེལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་ཡོད་པའི་མི་བསྡུ་འཇུག་བྱེད་མི་ཆོག

    འདྲི་རྩད་བྱེད་པའམ་ཡང་ན་བྱ་ཐབས་གཞན་དག་སྤྱད་དེ་རང་ཁོངས་ལས་བྱས་གོང་གསལ་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་བ་ཤེས་འཕྲལ། ངེས་པར་དུ་གདན་ཞུ་བྱེད་མཚམས་འཇོག་དགོས།

    དོན་ཚན་ཞེ་གསུམ་པ། ནར་མ་སོན་པའི་མིའི་ཁྱིམ་ཚང་གི་གདན་ཞུས་ཁྱིམ་ལས་ཞབས་ཞུ་སྒྲུབ་མཁན་གྱིས་ངེས་པར་དུ་གན་རྒྱའི་ནང་ཁ་ཆད་བྱས་པ་ལྟར་ལྟ་སྐྱོང་བྱེད་འགན་འཁུར་དགོས་པ་ལས། ནར་མ་སོན་པའི་མིར་མཐོང་ཆུང་དང་། འཕྱ་སྨོད། དམའ་འབེབས། མནར་གཅོད། སྐུར་འདེབས། ཉེས་རྡུང་བཅས་བྱེད་རིགས་གཏན་ནས་བྱེད་མི་རུང་།

    དོན་ཚན་ཞེ་བཞི་པ། ནར་མ་སོན་པའི་མིས་ཚན་རྩལ་གསར་གཏོད་དང་རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱ་རྒྱུར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐུབ་ཀྱི་ཡོད། དམིགས་བསལ་འཇོན་ནུས་ཡོད་པ་དང་། གསར་གཏོད་གསར་སྐྲུན་ནམ་ཡང་ན་གྲུབ་འབྲས་གཟེངས་སུ་ཐོན་པའི་ནར་མ་སོན་པའི་མིར་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་སློབ་གྲྭ་དང་ཁྱིམ་ཚང་བཅས་ཀྱིས་ངེས་པར་དུ་སྐུལ་མ་བཏང་ནས་ཁོང་ཚོ་ཡར་རྒྱས་ཡོང་བར་མཐུན་རྐྱེན་སྐྲུན་དགོས།

    ལེའུ་ལྔ་པ། དྲ་རྒྱའི་སྲུང་སྐྱོབ།

    དོན་ཚན་ཞེ་ལྔ་པ། དྲ་འཕྲིན་དང་། སྤྱི་བདེ། དམངས་སྲིད། སློབ་གསོ། རིག་གནས། ཁྲོམ་ར་ལྟ་སྐུལ་དོ་དམ། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན། འཕྲིན་གཏོང་དོ་དམ་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་འབྲེལ་ཡོད་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུཌ་ཆེ་རུ་བཏང་ནས། ནར་མ་སོན་པའི་མི་དྲ་རྒྱར་དབྱིངས་མ་ཞུགས་པར་བྱེད་པའི་དྲིལ་བསྒྲགས་སློབ་གསོ་དུས་བཀག་ལྟར་སྤེལ་བ་དང་། དྲ་རྒྱའི་ཐོན་རྫས་ལ་ལྟ་སྐུལ་བྱེད་པ། ཞབས་ཞུ་སྒྲུབ་མཁན་གྱིས་ནར་མ་སོན་པའི་མི་དྲ་རྒྱར་དབྱིངས་ཞུཌ་རིགས་སྔོན་འགོག་བྱེད་འགན་འཁུར་བའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་བཅས་ཀྱི་ཐོག་ནས། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ཕན་ཚུན་གཞོགས་འདེགས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། དྲ་རྒྱའི་བར་སྟོང་གི་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

    དོན་ཚན་ཞེ་དྲུག་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ངོས་ཀྱི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་བ་དང་། རང་ངོས་ཀྱི་དྲ་རྒྱ་སྤྱོད་སྟངས་ཚད་ལྡན་བཟོས་ནས། ནར་མ་སོན་པའི་མིས་དྲ་རྒྱ་སྤྱོད་རྒྱུའི་ཐད་ལ་སློབ་གསོ་དང་། དཔེ་སྟོན། ཁྲིད་སྟོན། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ནར་མ་སོན་པའི་མིས་ལག་ཐོགས་ཁ་པར་སོགས་གློག་རྡུལ་ཐོན་རྫས་ལུགས་མཐུན་སྤྱོད་རྒྱུའི་ཐད་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་སློབ་གསོ་ཁྲིད་སྟོན་བྱེད་དགོས། རིག་ནུས་མཐའ་སྣེའི་ཐོན་རྫས་ཐོག་ནར་མ་སོན་པའི་མིའི་དྲ་སྲུང་མཉེན་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། ནར་མ་སོན་པའི་མི་དང་འཚམ་པའི་ཞབས་ཞུ་སྒྲུབ་སྟངས་དང་དོ་དམ་བྱེད་ནུས་འདེམས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ནར་མ་སོན་པའི་མིས་དྲ་རྒྱ་སྤྱོད་པའི་དུས་ཡུན་ལུགས་མཐུན་བཀོད་སྒྲིག་བྱེད་དགོས།

    ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ཐད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། གཏོང་སྤྲོད་རྩིས་ཐོ་དང་དྲ་རྒྱའི་རོལ་རྩེད་ཀྱི་རྩིས་ཐོའི་ཨང་གྲངས་ལ་དོ་དམ་ནན་པོ་བྱས་ཏེ་ནར་མ་སོན་པའི་མིས་རང་དང་མི་འཚམ་པའི་དྲ་རྒྱའི་རོལ་རྩེད་ལ་ཞུགས་རིགས་མི་ཐོན་པ་བྱེད་དགོས། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་ནར་མ་སོན་པའི་མིའི་དྲ་ཐོག་ཚུལ་མིན་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་། བཀག་འགོག ཡོ་བསྲང་བཅས་བྱེད་དགོས། ནར་མ་སོན་པའི་མིར་དྲ་རྒྱའི་གནོད་འཚེ་ཕོག་ཚེ། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་དང་ཞུ་སྦྱོར་བྱེད་དགོས་པ་མ་ཟད། སེམས་ཁམས་གསོ་བའི་ལས་དོན་ཡག་པོ་སྤེལ་དགོས།

    དོན་ཚན་ཞེ་བདུན་པ། སློབ་གྲྭས་ངེས་པར་དུ་ནར་མ་སོན་པའི་སློབ་མའི་དྲ་རྒྱའི་བྱང་ཚད་དང་དྲ་རྒྱའི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་དགོས་ཤིང་། ནར་མ་སོན་པའི་སློབ་མ་དྲ་རྒྱར་དབྱིངས་མ་ཞུགས་པ་དང་། དྲ་རྒྱའི་ཆ་འཕྲིན་སྐྱོན་ཅན་ངོས་འཛིན་ཐུབ་པ། མི་སྒེར་གྱི་གསང་བ་སྲུང་བ། དྲ་ཐོག་བརྙས་བཅོས་མི་ཕོག་པ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་དུས་བཀག་ལྟར་སྤེལ་ནས་ནར་མ་སོན་པའི་མིའི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་། ཤེས་དཔལ་བྱང་ཚད། བྱ་སྤྱོད་གོམས་གཤིས། འགོག་སྲུང་རྩལ་ནུས་བཅས་སྐྱེད་སྲིང་བྱེད་དགོས།

    སློབ་གྲྭས་ནར་མ་སོན་པའི་སློབ་མ་དྲ་རྒྱར་དབྱིངས་ཞུགས་པ་ཤེས་འཕྲལ། ངེས་པར་དུ་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་དེ་དོན་བཤད་ནས་ཐུན་མོང་ཐོག་ནར་མ་སོན་པའི་སློབ་མར་སློབ་གསོ་ཁྲིད་སྟོན་དང་། ཚན་རིག་དང་མཐུན་པའི་ཐེ་ཇུས་བྱས་ཏེ། རྒྱུན་ལྡན་གྱི་སློབ་སྦྱོང་དང་འཚོ་བ་སླར་གསོ་ཐུབ་རྒྱུར་རོགས་རམ་བྱེད་དགོས། དྲ་རྒྱའི་གནོད་འཚེ་ཕོག་པ་ཤེས་ཚེ། དུས་ཐོག་ཏུ་དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་ལ་ཞུ་སྦྱོར་དང་ཐེར་འདོན་བྱེད་དགོས།

    སློབ་གྲྭའི་ཆོག་མཆན་མ་ཐོབ་པར། ནར་མ་སོན་པའི་སློབ་མས་ལག་ཐོགས་ཁ་པར་སོགས་རིག་ནུས་མཐའ་སྣེའི་ཐོན་རྫས་སློབ་ཁང་དུ་འཁྱེར་མི་ཆོག་ཅིང་། གལ་ཏེ་སློབ་གྲྭར་འཁྱེར་ཕྱིན། སློབ་གྲྭར་གཅིག་གྱུར་ཐོག་དོ་དམ་བྱེད་རོགས་ཞུ་དགོས།

    དོན་ཚན་ཞེ་བརྒྱད་པ། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་། ནར་མ་སོན་པའི་མིར་དྲ་རྒྱའི་རོལ་རྩེད་ཀྱི་རྩིས་ཐོའི་ཨང་གྲངས་བོགས་འཚོང་བྱེད་པའི་ཞབས་ཞུ་སྒྲུབ་མི་ཆོག

    དྲ་རྒྱའི་རོལ་རྩེད་དང་། དྲ་རྒྱའི་ཐད་གཏོང་། དྲ་རྒྱའི་སྒྲ་བརྙན། དྲ་རྒྱའི་འབྲེལ་བ་སོགས་དྲ་ཐོག་ཞབས་ཞུ་སྒྲུབ་མཁན་གྱིས་ནར་མ་སོན་པའི་མིའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་འགན་འཁུར་དགོས། ན་ཚོད་མི་འདྲ་བའི་དུས་མཚམས་ཀྱི་ནར་མ་སོན་པའི་མིས་དྲ་ཐོག་ཞབས་ཞུ་དང་ལེན་བྱེད་པའི་ཁྲོད་བྱ་ཐབས་སྤྱད་དེ་ཐེངས་གཅིག་མའི་འཛད་སྤྱོད་དངུལ་གྲངས་དང་ཉིན་གཅིག་གི་འཛད་སྤྱོད་དངུལ་གྲངས་ཚོད་འཛིན་ལུགས་མཐུན་བྱེད་དགོས་པ་ལས། ནར་མ་སོན་པའི་མིར་ཁོང་ཚོའི་དམངས་དོན་བྱ་སྤྱོད་སྤེལ་ནུས་དང་མི་མཐུན་པའི་རིན་སྤྲོད་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག

    དོན་ཚན་ཞེ་དགུ་པ། དྲ་རྒྱ་སྤྱད་དེ་ནར་མ་སོན་པའི་མིར་གཡེམ་འཆལ་དང་། འདོད་ལོག དྲག་ཤུགས། ཆོས་ལོག རྨོངས་དད། རྒྱན་འཛུགས། རང་ཤི་རྒྱག་ཏུ་འཇུག་པ། འཇིགས་སྐུལ་རིང་ལུགས། ཁ་ཕྲལ་རིང་ལུགས། མཐར་འཛིན་རིང་ལུགས། མི་རིགས་མཐོང་ཆུང་། མི་རིགས་འཁོན་འཛིན་སོགས་ནར་མ་སོན་པའི་མིའི་ལུས་སེམས་ལ་གནོད་པའི་སྒྲ་བརྙན་ཐོན་རྫས་དང་། གློག་རྡུལ་དཔེ་སྐྲུན་དངོས་རྫས། དྲ་རྒྱའི་ཆ་འཕྲིན་སོགས་ཡོངས་བསྒྲགས་དང་། ཕྱིར་འཚོང་། འགྲེམས་སྤེལ། སྒྲོག་སྤེལ་བཅས་བྱེད་མི་ཆོག དྲ་རྒྱ་སྤྱད་དེ་ནར་མ་སོན་པའི་མིར་བརྙས་བཅོས་དང་། སྐུར་འདེབས། འཇིགས་སྐུལ་བཅས་སམ་ཡང་ན་བསམ་ངན་བཅངས་ནས་གཟུགས་བརྙན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་དྲ་རྒྱའི་བརྙས་བཅོས་རིགས་གཏན་ནས་མི་ཐོན་པ་བྱེད་དགོས།

    ནར་མ་སོན་པ་དང་འབྲེལ་བ་ཡོད་པའི་འདོད་ལོག་གི་ཡི་གེ་དང་། པར་རིས། བརྙན་ལམ་བཅས་གསོག་ཉར་དང་། བདག་འཛིན། བཟོ་སྒྲིག འདྲ་བཟོ། འགྲེམས་བསྒྲགས། བརྒྱུད་སྤེལ་བཅས་བྱེད་རིགས་གཏན་ནས་མི་ཐོན་པ་བྱེད་དགོས།

    རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་གོང་གསལ་ནང་དོན་ཤེས་རྟོགས་བྱུང་ཚེ། དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་ལ་ཞུ་སྦྱོར་དང་ཐེར་འདོན་བྱེད་དབང་ཡོད།

    དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་གོང་གསལ་ནང་དོན་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་དྲ་ཐོག་ཞབས་ཞུ་སྒྲུབ་མཁན་ལ་བརྒྱུད་གཏོང་བྱེད་མཚམས་འཇོག་རྒྱུའི་བླང་བྱ་འདོན་དགོས་པ་མ་ཟད། ཁྱབ་སྤེལ་བྱས་པའི་ནང་དོན་བསུབས་པ་དང་ཁྱབ་སྤེལ་བྱེད་ལམ་འགོག་པ་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

    ལེའུ་དྲུག་པ། སྲིད་གཞུང་གི་སྲུང་སྐྱོབ།

    དོན་ཚན་ལྔ་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུའི་དཀར་ཆག་ནང་འཇུག་དགོས།

    སྤྱི་དམངས་དང་། ཁྲིམས་ཚན། ཁྲིམས་ཚན་མིན་པའི་རྩ་འཛུགས་བཅས་ཀྱིས་ཁྲིམས་ལྟར་བཙུགས་པའི་ཁེ་གཉེར་མིན་པའི་ཁྱིམ་ཚང་སློབ་གསོའི་ཞབས་ཞུ་སྒྲུབ་མཁན་ཚན་པར། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སོགས་སྤྲོད་པའི་ཐབས་ལམ་སྤྱད་དེ་རོགས་སྐྱོར་བྱས་ཆོག

    སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྱིམ་ཚང་སློབ་གསོ་དེ་གསོ་སྦྱོང་ནང་དོན་གྱི་ཁོངས་སུ་བཅུག་ནས། ཁྱིམ་བདག་མཛུབ་ཁྲིད་སློབ་གྲྭ་དང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་ས་ཚིཌསོགས་ཀྱིས་དུས་བཀག་ལྟར་ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་ཞབས་ཞུ་སྒྲུབ་དགོས།

    དོན་ཚན་ང་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བུ་ཕྲུག་ཉར་གསོ་དང་སློབ་ཞུགས་གོང་གི་སློབ་གསོའི་བྱ་གཞག་གོང་འཕེལ་བཏང་སྟེ་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུའི་ཚན་པ་དང་བུ་བཅོལ་ཁང་ཡག་པོ་གཉེར་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུ་ཚན་པ་དང་བུ་བཅོལ་ཁང་ཁྲིམས་བཞིན་འཛུགས་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

    མི་བཀོལ་སྤྱོད་ཚན་པས་ཁེར་རྐྱང་ངམ་ཡང་ན་འབྲེལ་ཡོད་ཚན་པ་དང་མཉམ་དུ་འཛུགས་གཉེར་བྱ་ཐབས་སྤྱད་དེ། ལས་ཀ་བྱ་ཡུལ་དུ་ལས་བཟོར་ཕན་བདེའི་རང་བཞིན་ལྡན་པའི་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་དགོས་ཤིང་། ཆ་རྐྱེན་ཡོད་ཚེ་ཉེ་འདབས་ཀྱི་ཡུལ་མིར་ཡང་དེ་ཐད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཆོག

    དོན་ཚན་ང་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སློབ་གྲྭའི་བདེ་འཇགས་འགན་སྲུང་བྱས་ཏེ། སློབ་གྲྭ་དང་། བུ་བཅོལ་ཁང་། ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུ་ཚན་པ། སློབ་ཕྱིའི་གསོ་སྦྱོང་ཚན་པ་སོགས་ཚན་པ་ཁག་གིས་བདེ་འཇགས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ནས་ཐོལ་བྱུང་དོན་རྐྱེན་སྙན་ཞུ་དང་། ཐག་གཅོད། མཐུན་སྦྱོར་བཅས་བྱེད་པའི་ལམ་སྲོལ་འཛུགས་དགོས།

    སྤྱི་བདེ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་སློབ་གྲྭའི་ཉེ་འཁོར་གྱི་ས་ཆ་དེ་དག་གཙོ་གནད་བདེ་འཇགས་སྐོར་ཞིབ་དང་ལྟ་སྐུལ་ཚོད་འཛིན་བྱེད་ཁོངས་སུ་བརྩིས་ནས། སློབ་གྲྭའི་ཉེ་འཁོར་གྱི་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས་པ་མ་ཟད། མཉམ་འབྲེལ་ཁྲིམས་སྒྱུར་དང་། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། སྤྱི་ཚོགས་བདེ་འཇགས་དང་དེ་བཞིན་འགྲིམ་འགྲུལ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་འགུལ་སྤེལ་ཏེ་ནར་མ་སོན་པའི་མིར་བཙན་གནོད་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྔོན་འགོག་དང་བཀག་སྡོམ་བྱེད་དགོས།

    དོན་ཚན་ང་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནར་མ་སོན་པའི་མི་དང་འཚམ་པའི་བྱེད་སྒོ་སྤེལ་གནས་དང་སྒྲིག་བཀོད་འཛུགས་སྐྲུན་དང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནར་མ་སོན་པའི་མི་དང་འཚམ་པའི་རིག་གནས་དང་། ལུས་རྩལ། ཚན་རིག་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་སྤེལ་གནས་དང་སྒྲིག་བཀོད་འཛུགས་གཉེར་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། བྱ་ཐབས་སྤྱད་དེ་བཙན་བཟུང་དང་གཏོར་བཤིག་གཏོང་རིགས་ཅི་ཡང་མི་ཐོན་པ་བྱེད་དགོས།

    དོན་ཚན་ང་བཞི་པ། ཁྲོམ་ར་ལྟ་སྐུལ་དོ་དམ་དང་། འཕྲོད་བསྟེན་བདེ་ཐང་། རིག་གནས་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་ནར་མ་སོན་པའི་མིའི་བཟའ་བཅའ་དང་། སྨན་རྫས། རྩེད་ཆས། ཡོ་བྱད་སོགས་ཐོན་རྫས་དང་། དེ་བཞིན་རོལ་རྩེད་སྒྲིག་ཆས་དང་རོལ་རྩེད་སྒྲིག་བཀོད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    དོན་ཚན་ང་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་རྒྱུའི་ཐད་སྦྲེལ་ཁ་པར་ཤར་གཏོང་ཐུབ་པ་བྱས་ཏེ་ནར་མ་སོན་པའི་མིའི་ཁེ་སྲུང་ཞུ་སྦྱོར་དང་། ཐེར་འདོན། གྲོས་འཆར། བློ་འདྲི་བཅས་དུས་ཐོག་ཏུ་བདག་སྤྲོད་དང་སྒྱུར་སྤྲོད་བྱེད་དགོས། མི་དམངས་ཚོགས་པ་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་བཅས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ཞབས་ཞུའི་ལས་སྟེགས་དང་། ཞབས་ཞུའི་ཐད་སྦྲེལ་ཁ་པར། ཞབས་ཞུའི་ས་ཚིགས་བཅས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་རྒྱུའི་ཐད་བློ་འདྲི་དང་རོགས་རམ་བྱེད་དགོས།

    དོན་ཚན་ང་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་ཤ་མོའི་རིགས་འཐུ་བ་སོགས་ཀྱི་རྐྱེན་པས་ནར་མ་སོན་པའི་མིའི་སློབ་གསོའི་གོ་སྐབས་ཤོར་བ་དང་། སློབ་གྲྭར་འགྲོ་མཚམས་ཆད་པ། སློབ་བྱོལ་དུ་འགྲོ་བ་བཅས་ཀྱི་རིགས་མི་ཐོན་པ་བྱེད་དགོས།

    དོན་ཚན་ང་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནར་མ་སོན་པའི་དབང་པོ་སྐྱོན་ཅན་དང་དཀའ་ངལ་ཡོད་པའི་ནར་མ་སོན་པའི་མིའི་ཞབས་ཞུ་འགན་སྲུང་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། དཀའ་ངལ་ཡོད་པའི་ནར་མ་སོན་པའི་མིར་རིགས་དབྱེ་འགན་སྲུང་བྱས་ནས། ཁོང་ཚོའི་འཚོ་བ་དང་། སློབ་གསོ། བདེ་འཇགས། སྨན་བཅོས་ལུས་གསོ། སྡོད་ཁང་སོགས་ཐད་ཀྱི་གཞི་རྩའི་དགོས་མཁོ་སྐོང་དགོས་པ་སྟེ།

    (གཅིག) དྭ་ཕྲུག་འགན་སྲུང་གི་ཆ་རྐྱེན་འཛོམས་པའི་ནར་མ་སོན་པའི་མི་ཡིན་ཕྱིན། དྭ་ཕྲུག་འགན་སྲུང་བྱེད་ཁོངས་སུ་འཇུག་རྒྱུ་དང་། དངོས་གནས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་འགན་སྲུང་ཆ་རྐྱེན་འཛོམས་པའི་ནར་མ་སོན་པའི་མི་ཡིན་ཕྱིན། དངོས་གནས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་ཁྱབ་ཁོངས་སུ་འཇུག་རྒྱུ། ནད་ཚབས་ལྕི་བ་དང་དབང་སྐྱོན་ཚབས་ཆེ་ཤོར་བ། དེ་བཞིན་ཁྱིམ་ཚང་ཆ་རྐྱེན་ཞན་པ་བཅས་ཀྱི་ཆ་རྐྱེན་འཛོམས་པའི་བྱིས་པ་ཡིན་ཕྱིན། མ་མཐའི་འཚོ་བ་འགན་སྲུང་བྱེད་ཁོངས་སུ་འཇུག་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པར་རོགས་སྐྱོབ་བསྙེན་བཀུར་བྱ་རྒྱུའི་ཆ་རྐྱེན་འཛོམས་པའི་ནར་མ་སོན་པའི་མི་ཡིན་ཕྱིན། དམིགས་བསལ་དཀའ་ངལ་ཡོད་པར་རོགས་སྐྱོབ་བསྙེན་བཀུར་བྱེད་ཁོངས་སུ་འཇུག་རྒྱུ་བཅས་ཡིན་པ་དང་།

    (གཉིས) གོང་འཁོད་གཞི་རྩའི་འཚོ་བའི་འགན་སྲུང་ཐོབ་ཀྱང་། འཚོ་བར་སྔར་བཞིན་དཀའ་ངལ་ཡོད་པའི་ནར་མ་སོན་པའི་མི་དང་། དེ་བཞིན་ཐོལ་བྱུང་དོན་རྐྱེན་དང་། བསམ་ཡུལ་ལས་འདས་པའི་གནོད་འཚེ། ནད་ཚབས་ལྕི་པོ་ཕོག་པའམ་ཡང་ན་དམིགས་བསལ་རྒྱུ་རྐྱེན་གཞན་དག་ཡོད་པ་བཅས་ཀྱི་རྐྱེན་པས་ནར་མ་སོན་པའི་མི་དང་ཁོང་ཚོའི་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཞིང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་གཞན་དག་གནས་སྐབས་ལག་བསྟར་མི་ཐུབ་པའམ་ཡང་ན་རོགས་སྐྱོབ་བྱས་ཀྱང་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ངལ་ཤུགས་ཆེ་ཡོད་ཚེ། གནས་སྐབས་རོགས་སྐྱོབ་བྱ་ཐབས་སྤྱད་དེ་འཚོ་བ་འགན་སྲུང་བྱེད་དགོས་པ།

    (གསུམ) ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་ནར་མ་སོན་པའི་མིར་གཞི་རྩའི་འཚོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། ཡུན་རིང་སྨན་བཅོས་བྱེད་དགོས་པའི་འགོས་ནད་ཕོག་པ་དང་རིམས་འགོག་ནུས་པ་སྐྱོན་ཅན་ཡིན་པ་སོགས་ཀྱི་ནར་མ་སོན་པའི་མིར་འབྲེལ་ཡོད་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོད།

    འགན་སྲུང་ཚད་གཞི་དེ་ངེས་པར་དུ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཆུ་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་འགྱུར་ལྡན་ལེགས་སྒྲིག་བྱེད་དགོས་པ་བཅས་སོ།

    དོན་ཚན་ང་བརྒྱད་པ། དམངས་སྲིད་སྡེ་ཚན་གྱིས་ཁྲིམས་བཞིན་ནར་མ་སོན་པའི་མིར་གནས་སྐབས་ལྟ་སྐྱོང་ངམ་ཡང་ན་ཡུན་རིང་ལྟ་སྐྱོང་བྱེད་འགན་འཁུར་དགོས་ཤིང་། ནོར་སྲིད་དང་། སློབ་གསོ། འཕྲོད་བསྟེན་བདེ་ཐང་། སྤྱི་བདེ་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་གཞོགས་འདེགས་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་དམངས་སྲིད་སྡེ་ཚན་གྱིས་དགོས་མཁོ་གཞིར་བཟུང་། ནར་མ་སོན་པའི་མིའི་རོགས་སྐྱོབ་སྲུང་སྐྱོབ་ཚན་པ་དང་བྱིས་པའི་ཕན་བདེའི་ཚན་པ་འཛུགས་དགོས་པ་མ་ཟད། དམངས་སྲིད་སྡེ་ཚན་གྱིས་ལྟ་སྐྱོང་བྱ་རྒྱུའི་ནར་མ་སོན་པའི་མི་བསྡུ་ཉར་དང་གསོ་སྐྱོང་བྱེད་འགན་འཁུར་དགོས།

    དོན་ཚན་ང་དགུ་པ། གཞིས་སྲུང་ནར་མ་སོན་པའི་མི་དང་དཀའ་ངལ་ཡོད་པའི་ནར་མ་སོན་པའི་མི་སོགས་དམིགས་བསལ་མི་ཚོགས་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ལས་ཀའི་ནང་སྤྱི་ཚོགས་རྩ་འཛུགས་དང་། སྤྱི་ཚོགས་ལས་དོན་པ། བཅའ་ཁྲིམས་ལས་དོན་པ། སྨན་བཅོས་ལས་དོན་པ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་ཞུགས་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། དེ་དག་ལ་དངོས་ཟོག་ཞལ་འདེབས་དང་། འཚོ་བའི་ལྟ་སྐྱོང་། སེམས་ཁམས་ཟུར་ཁྲིད། བཅའ་ཁྲིམས་རོགས་སྐྱོབ། སྨན་བཅོས་སྨན་གཡོག་སོགས་སྣ་མང་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

    ཆ་རྐྱེན་ཡོད་པའི་བྱིས་པའི་ཕན་བདེ་ཚན་པ་དང་ནར་མ་སོན་པའི་མིའི་རོགས་སྐྱོབ་སྲུང་སྐྱོབ་ཚན་པས་སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་མ་བཏང་ནས་ལས་ས་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ནར་མ་སོན་པའི་དབང་པོ་སྐྱོན་ཅན་དང་དཀའ་ངལ་ཡོད་པའི་ནར་མ་སོན་པའི་མི་སོགས་ལ་ལུས་གསོའི་སྦྱོང་བརྡར་དང་། གསོ་ཉར་ལྟ་སྐྱོང་། ཁྱིམ་ཚང་སློབ་གསོའི་ཁྲིད་སྟོན་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས།

    ལེའུ་བདུན་པ། ཁྲིམས་འཛིན་གྱི་སྲུང་སྐྱོབ།

    དོན་ཚན་དྲུག་ཅུ་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་ལས་ཀའི་མཉམ་འགུལ་ལམ་སྲོལ་ཚགས་ཚུད་དུ་བཏང་བ་དང་སྦྲགས། ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱས་ནས་དམངས་སྲིད་དང་སློབ་གསོ་སོགས་སྡེ་ཚན་དང་། དེ་བཞིན་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་བཞིན་འགན་འཁྲི་བསྒྲུབས་ཏེ། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

    དོན་ཚན་རེ་གཅིག་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་ཆེད་དོན་ཚན་པ་གཏན་འཁེལ་བྱེད་པའམ་ཡང་ན་གྱོད་དོན་ཆེད་སྒྲུབ་མི་སྣ་དམིགས་འཛུགས་བྱས་ཏེ། ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་གཅོད་བྱེད་འགན་འཁུར་དགོས།

    ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་གཅོད་བྱེད་མཁན་ལ་ངེས་པར་དུ་ཆེད་དམིགས་སྦྱོང་བརྡར་སྤྲས་ནས། ཁོང་ཚོས་ནར་མ་སོན་པའི་མིའི་ལུས་སེམས་ཁྱད་ཆོས་རྟོགས་ཐུབ་པ་བྱེད་དགོས། ཆེད་དོན་ལས་ཁུངས་སམ་ཡང་ན་ཆེད་བསྐོས་མི་སྣའི་ཁྲོད་ངེས་པར་དུ་བུད་མེད་ལས་བྱ་ཡོད་པ་བྱེད་དགོས།

    ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་གཅོད་བྱེད་སྐབས། ངེས་པར་དུ་ནར་མ་སོན་པའི་མིའི་ལུས་སེམས་ཁྱད་ཆོས་དང་སྐྱོན་བྲལ་འཚར་ལོངས་ཡོང་བའི་དགོས་མཁོར་བསམ་གཞིགས་བྱེད་དགོས་ལ། ནར་མ་སོན་པའི་མིའི་བསམ་འཆར་ཉན་ནས་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་རོགས་སྐྱོར་རམ་ཡང་ན་ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་དགོས།

    དོན་ཚན་རེ་གཉིས་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པའི་དོགས་ཡོད་ཉེས་ཅན་དང་ཞུ་སྦྱོར་ཕྱི་མར་འདྲི་ཞིབ་བྱེད་པ་དང་། གནོད་འཚེ་ཕོག་པའི་ནར་མ་སོན་པའི་མི་དང་དཔང་མིར་འདྲི་ཞིབ་བྱེད་སྐབས། ངེས་པར་དུ་ཁྲིམས་ལྟར་ཁོང་ཚོའི་ཁྲིམས་བཅད་འཐུས་ཚབ་པའམ་ཡང་ན་ཁྲིམས་མཐུན་གཉེན་ཉེ་དར་མ། དེ་བཞིན་ཁོང་ཚོ་གནས་སའི་སློབ་གྲྭའི་འཐུས་མི་སོགས་ཞུགས་ན་འཚམ་པའི་དར་མར་བརྡ་ཐོ་གཏོང་དགོས་པ་མ་ཟད། བྱ་ཐབས་གང་འཚམ་སྤྱད་དེ་འོས་ཤིང་འཚམ་པའི་ས་ཡུལ་དུ་སྤེལ་ནས། གནོད་འཚེ་ཕོག་པའི་ནར་མ་སོན་པའི་མིའི་ལུས་སེམས་གནོད་འཚེ་ཇེ་ཆུང་དུ་གཏོང་དགོས་པ་མ་ཟད། ནར་མ་སོན་པའི་མིའི་མིང་གྲགས་དབང་ཆ་དང་། སྒེར་དོན་གསང་བའི་དབང་ཆ། ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་འགན་སྲུང་བྱེད་དགོས།

    སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པའི་མིར་ཆགས་སྤྱོད་བཙན་གནོད་དང་དྲག་ཤུགས་ཀྱི་གནོད་འཚེ་སོགས་ཕོག་པའི་གྱོད་གཞི་ཞིབ་གཅོད་བྱེད་སྐབས། གནོད་འཚེ་ཕོག་པའི་ནར་མ་སོན་པའི་མི་དང་དཔང་མིར་འདྲི་རྩད་བྱེད་པ་དང་སྦྲགས་ངེས་པར་དུ་སྒྲ་ཕབ་བརྙན་འཇུག་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐེངས་གཅིག་ལ་ལེགས་འགྲུབ་གང་ཐུབ་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་ནར་མ་སོན་པའི་མི་དང་དཔང་མི་དེ་བུད་མེད་ཡིན་ཕྱིན་ངེས་པར་དུ་བུད་མེད་ལས་བྱས་འདྲི་རྩད་བྱེད་དགོས།

    དོན་ཚན་རེ་གསུམ་པ། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཀྱང་། འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་གྱིས་དེའི་ཚབ་བྱས་ནས་གཏུག་བཤེར་མ་བྱས་པའི་རིགས། མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་བྱ་རྒྱུར་སྐུལ་འདེད་བཏང་ཆོག་ལ། བཅའ་ཁྲིམས་ཀྱི་རོགས་སྐྱོབ་ཞུ་རོགས་བྱེད་པ་དང་། བློ་འདྲིའི་ཞབས་ཞུ་སྒྲུབ་པ། ཡིག་ཐོག་ནས་བསམ་འཆར་གོང་ཞུ། བརྟག་དཔྱད་དཔང་ལེན་བྱེད་རོགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དེའི་གཏུག་བཤེར་ལ་རྒྱབ་སྐྱོར་བྱས་ཆོག སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་ཕྱིན། མི་དམངས་ཞིབ་དཔྱོད་ཁང་ལ་སྤྱི་ཕན་གཏུག་བཤེར་བྱེད་དབང་ཡོད།

    དོན་ཚན་རེ་བཞི་པ། ནར་མ་སོན་པའི་མིའི་ཕ་མའམ་ལྟ་སྐྱོང་པ་གཞན་དག་གིས་ཁྲིམས་བཞིན་ལྟ་སྐྱོང་གི་འགན་འཁྲི་མ་འཁུར་བའམ་ཡང་ན་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེ་བཏང་ཕྱིན། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྣའམ་ཡང་ན་ཚན་པའི་རེ་ཞུ་ལྟར་མི་ལུས་བདེ་འཇགས་ཀྱི་སྲུང་སྐྱོབ་བཀའ་རྒྱའམ་ཡང་ན་ལྟ་སྐྱོང་པའི་ཐོབ་ཐང་མེད་པ་བཟོས་ཆོག

    ལྟ་སྐྱོང་པའི་ཐོབ་ཐང་མེད་པ་བཟོས་པའི་ཕ་མའམ་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་ཁྲིམས་བཞིན་འཚོ་སྐྱོང་གྲོན་དངུལ་མུ་མཐུད་སྤྲོད་འགན་འཁུར་དགོས།

    དོན་ཚན་རེ་ལྔ་པ། འབྲེལ་ཡོད་སྡེ་ཚན་གྱིས་ནར་མ་སོན་པའི་མིར་སློབ་གསོ་དང་། དོ་དམ། རོཌ་སྐྱོབ། ལྟ་སྐྱོང་སོགས་སྲུང་སྐྱོབ་བྱེད་འགན་ཡག་པོ་མ་འཁུར་བའི་གནས་ཚུལ་སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་ཚན་པ་དེར་གྲོས་འགོ་འདོན་དགོས། གྲོས་འགོ་འདོན་ཡུལ་ཚན་པས་ངེས་པར་དུ་གྲོས་འགོ་འབྱོར་རྗེས་ཀྱི་ཟླ་གཅིག་ནང་ཡིག་ཐོག་ནས་ལན་འདེབས་དགོས།

    གྲོས་འགོ་འདོན་ཡུལ་ཚན་པས་གཏན་འབེབས་ཀྱི་དུས་ཚད་ནང་ལུགས་མཐུན་རྒྱུ་མཚན་མེད་པར་བཅོས་སྒྲིག་མ་བྱེད་པའམ་ཡང་ན་བཅོས་སྒྲིག་གནད་འཕིགས་མ་བྱེད་པའི་རིགས། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་གནས་ཚུལ་དེ་གྲོས་འགོ་འདོན་ཡུལ་ཚན་པའི་གོང་རིམ་ལས་ཁུངས་དང་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་བཏང་ཆོག

    ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་རེ་དྲུག་པ། ནར་མ་སོན་པའི་མིའི་ཕ་མའམ་ལྟ་སྐྱོང་པ་གཞན་དག་གིས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ཁྲིམས་བཞིན་ལྟ་སྐྱོང་པའི་འགན་འཁྲི་མ་འཁུར་བའམ་ཡང་ན་ལྟ་སྐྱོང་བྱ་རྒྱུའི་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཕྱིན། དེ་གནས་སྡོད་བྱེད་སའི་གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་ཁ་ཏ་བསླབ་བྱ་དང་བཀག་སྡོམ་བྱེད་དགོས། གནས་ཚུལ་ཚབས་ཆེ་བའི་རིགས་ངེས་པར་དུ་ལམ་སེང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

    སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་གྱོད་གཞི་འདྲི་གཅོད་བྱེད་པའི་ཁྲོད་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་གོང་གསལ་གནས་ཚུལ་ཡོད་པ་ཤེས་ཚེ། ངེས་པར་དུ་བསླབ་བྱ་ནན་འདོན་བྱེད་དགོས་པ་མ་ཟད། དེར་ཁྱིམ་ཚང་སློབ་གསོའི་ཁྲིད་སྟོན་བྱེད་དུ་འཇུག་དགོས།

    དོན་ཚན་རེ་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་སློབ་གྲྭས་ནར་མ་སོན་པའི་སློབ་མའི་སློབ་གསོ་ཐོབ་དབང་ལ་གནོད་འཚེ་བཏང་བ་དང་། སློབ་གྲྭ་དང་བུ་བཅོལ་ཁང་གི་དགེ་རྒན་ལས་བཟོས་ལུས་ཆད་གཅོད་པ་དང་རྣམ་པ་འགྱུར་ནས་ལུས་ཆད་གཅོད་པའམ་ཡང་ན་མི་གཤིས་དང་ལ་རྒྱར་བརྩི་འཇོག་མ་བྱས་པའི་བྱ་སྤྱོད་གཞན་དག་སྤེལ་ཕྱིན། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཡང་ན་གནས་ཚུལ་ཚབས་ཆེ་བའི་རིགས། འགན་ཡོད་འགོ་ཁྲིད་དང་ཐད་ཀའི་འགན་འཁུར་བར་ཁྲིམས་བཞིན་ཆད་པ་གཅོད་དགོས།

    དོན་ཚན་རེ་བརྒྱད་པ། འབྲེལ་ཡོད་གཉེར་སྐྱོང་པས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་སློབ་གྲྭ་དང་བུ་བཅོལ་ཁང་གི་ཉེ་འཁོར་དུ་ཐ་མག་དང་། ཆང་རག རྒྱན་ཤོག་བཅས་ཀྱི་ཕྱིར་འཚོང་ལས་ཚིགས་བཙུགས་པའམ་ཡང་ན་ནར་མ་སོན་པའི་མི་དང་འཚམ་པོ་མེད་པའི་བྱེད་སྒོ་སྤེལ་ས་བཙུགས་ཚེ། རིག་གནས་དང་། ཁྲོམ་ར་ལྟ་སྐུལ་དོ་དམ། རྡོ་ཐ་ཆེད་འཚོང་། སྤྱི་བདེ་སོགས་སྡེ་ཚན་བཅས་ཀྱིས་ལས་འགན་ཁག་བགོས་གཞིར་བཟུང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་ལ། ཐ་ཚིག་སྒྲོག་དགོས་པ་མ་ཟད། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་བ་དང་སྦྲགས། སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་སྦྲགས་གཅོད་བྱས་ཆོག ཡོ་བསྲང་གཏན་ནས་མི་བྱེད་པའམ་ཡང་ན་གནས་ཚུལ་ཚབས་ཆེ་བའི་རིགས། ལས་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུའམ་ཡང་ན་ལས་གཉེར་ལག་ཁྱེར་དང་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ་མ་ཟད། སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་སྦྲགས་གཅོད་བྱས་ཆོག

    དོན་ཚན་རེ་དགུ་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གི་མོས་མཐུན་མ་ཐོབ་པར། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ནར་མ་སོན་པའི་མིར་སྨན་བཅོས་མཛེས་བཟོའི་ཞབས་ཞུ་མཁོ་འདོན་བྱས་ཕྱིན། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་སྦྲགས་གཅོད་བྱ་རྒྱུ། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་བཟོས་ཚེ་སྒོར་ཁྲི་བཅུ་ཡན་ནས་སྒོ་ཁྲི་སུམ་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། འབྲེལ་ཡོད་སྨན་དོན་པ་ཟླ་གཅིག་ཡན་ནས་ཟླ་དྲུག་མན་ལས་གཉེར་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་ཆོག ཁྲིམས་ལྟར་སྨན་བཅོས་ལས་ཁུངས་ཀྱི་ལས་གཉེར་ཆོག་འཐུས་ལག་ཁྱེར་མ་ཐོབ་པར། ནར་མ་སོན་པའི་མི་སྣར་སྨན་བཅོས་མཛེས་བཟོའི་ཞབས་ཞུ་སྒྲུབ་ཕྱིན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ཐག་གཅོད་བྱེད་དགོས།

    བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ནར་མ་སོན་པའི་མིར་ལུས་ཐོག་རིས་བརྐོས་ཞབས་ཞུ་མཁོ་འདོན་བྱས་ཕྱིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད་སྒོར་ཁྲི་གཅིག་ཡན་ནས་ཁྲི་གསུམ་མན་གྱི་དངུལ་ཆད་སྦྲགས་གཅོད་བྱ་རྒྱུ། ཡོ་བསྲང་གཏན་ནས་མི་བྱེད་པའམ་མཇུག་འབྲས་ཚབས་ཆེ་བཟོས་ཚེ། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་མ་ཟད་སྒོར་ཁྲི་གསུམ་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་སྦྲགས་གཅོད་བྱས་ཆོག སྨན་བཅོས་མཛེས་བཟོའི་ཚན་པས་ནར་མ་སོན་པའི་མིར་ལུས་ཐོག་རིས་བརྐོས་ཞབས་ཞུ་མཁོ་འདོན་བྱས་ཚེ། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་གོང་གསལ་གཏན་འབེབས་བཞིན་ཆད་པ་གཅོད་དགོས།

    དོན་ཚན་བདུན་ཅུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་ནར་མ་སོན་པའི་མི་འདུ་འཛོམས་ཆེ་སར་ཐ་མག་འཐེན་པ་དང་ཆང་རག་འཐུང་བའི་རིགས། འཕྲོད་བསྟེན་བདེ་ཐང་དང་། སློབ་གསོ། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ལས་འགན་ཁག་བགོས་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད་ཐ་ཚིག་སྒྲོག་དགོས་ལ། སྒོར་ལྔ་བཅུ་ཡན་ནས་ལྔ་བརྒྱ་མན་གྱི་དངུལ་ཆད་སྦྲགས་གཅོད་བྱས་ཆོག བྱེད་སྒོ་སྤེལ་སའི་དོ་དམ་པས་དུས་ཐོག་ཏུ་བཀག་འགོག་མ་བྱས་ཚེ། འཕྲོད་བསྟེན་བདེ་ཐང་དང་། སློབ་གསོ། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ལས་འགན་ཁག་བགོས་ལྟར་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཆིག་སྟོང་ཡན་ནས་ཁྲི་གཅིག་མན་གྱི་དངུལ་ཆད་སྦྲགས་གཅོད་བྱེད་དགོས།

    དོན་ཚན་དོན་གཅིག་པ། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་རིང་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱས་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། འགན་ཡོད་འགོ་ཁྲིད་དང་ཐད་ཀའི་འགན་འཁུར་བར་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།

    དོན་ཚན་དོན་གཉིས་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཡང་བྱ་ཐབས་འདིའི་ནང་ཆད་གཅོད་གཏན་འབེབས་མེད་པའི་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་གཏན་འབེབས་ཡོད་ཕྱིན། གཏན་འབེབས་དེ་བཞིན་ཐག་གཅོད་བྱེད་དགོས།

    ལེའུ་དགུ་པ། ཞར་བྱུང་།

    དོན་ཚན་དོན་གསུམ་པ། བྱ་ཐབས་འདི་2024ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།