དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་གཙུག་ལག་ཁང་དང་སེ་ར་དགོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-10

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་གཙུག་ལག་ཁང་དང་སེ་ར་དགོན་དུ་བརྟག་ཞིབ་གནང་བར་ཕེབས་ནས། བརྟན་ལྷིང་སྲུང་སྐྱོང་དང་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་ཚོའི་སྒྲིག་ལམ་སྲུང་བ་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་གཏིང་ཟབ་གནང་བ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པར་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས། དགོན་སྡེའི་རྒྱུན་གཏན་གྱི་དོ་དམ། རིག་དངོས་སྲུང་སྐྱོང་། མེ་ཟོན་སོགས་ཕྱོགས་ཁག་གི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ཡང་གསན་པ་རེད།

    ཀརྨ་ཚེ་བརྟན་གྱིས་བླང་བྱ་བཏོན་དོན། “འདུ་ཤེས་གསུམ”གྱི་སློབ་གསོ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་རྨང་གཞི་བརྟན་གཏོང་གི་རྨང་གཞིའི་ལས་དོན་དུ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་རྒྱ་སྐྱེད་གཏིང་ཟབ་གཏོང་བ། ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ནས། དགོན་སྡེ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལེགས་སུ་གཏོང་བ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་ཆེད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་དགོན་སྡེར་སྤེལ་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། དགོན་སྡེའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། “ཚད་བཞི་བཞིར”བརྩི་སྲུང་ཞུས་ཏེ“བཟང་པོ་བཞི་ལྡན་གྱི་གྲྭ་བཙུན”གྱི་མིག་དཔེ་སྟོན་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལས་དོན་ལ་ཧུར་ཐག་ཞུགས་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།