དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཁྲེན་ཡུང་ཆིས་འགྲོ་ལམ་འགྲིམ་འགྲུལ་དང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-07

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཤེལ་གྲོང་ཕུག་ལམ་དུ་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་དང་། ཕུག་ལམ་གྱི་བདེ་འཇགས། གཡང་གཟར་གྱི་ཉེན་སེལ་བརྟན་གཏོང་བཅས་ལ་ལྟ་ཞིབ་གནང་བ་དང་། ས་གནས་ས་ཐོག་ཏུ་གཞུང་ལམ་འགྲིམ་འགྲུལ་འཕྲལ་སྡོམ་འཕྲིན་གཏོང་བཀོད་འདོམས་རླངས་འཁོར་ལ་བརྟེན་ནས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པ་དང་ཆབ་མདོ་གཞུང་ལམ་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་བཀོད་གཏོང་གནང་བ། དེ་རྗེས་བཀྲ་ཤིས་ཁང་བཟང་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་སྐྲུན་ཡུལ་དུ་ཨར་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་ལྗོངས་ཡོངས་ཀྱི་ལམ་དྲའི་འཁོར་སྐྱོད་དང་གཞུང་ལམ་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་གནས་ཚུལ་བཀོད་གཏོང་ཡང་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་མའེ་ཀྲོའུ་གྲོང་ཁྱེར་གྱི་མའེ་ཏ་མྱུར་བགྲོད་གཞུང་ལམ་ཁྲ་དབྱང་ལམ་དུམ་བརྡིབས་པའི་གནོད་འཚེའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་བྱས་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། བསླབ་བྱ་དང་ལེན་བྱེད་པ། ཟུར་བསྟན་ལེབ་མཐོང་བཅས་བྱས་ནས་བདེ་འཇགས་ཀྱི་ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། བོད་ཀྱི་དོན་དངོས་དང་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཞིབ་ཕྲའི་བཀོད་སྒྲིག་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས། བོད་དུ་རི་མཐོ་གྲོག་རོང་མང་བ་དང་ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བ་དང་།  “ལྔ་གཅིག”གུང་གསེང་རིང་རླངས་འཁོར་མང་བ་དང་མི་མང་བ། དེ་བཞིན་མིག་སྔར་ས་ཁུལ་དང་གྲོང་ཁྱེར་ཁག་གཅིག་ཏུ་ཆར་ཆུ་རྒྱས་པའི་དུས་སུ་སླེབས་པ་དང་གངས་མ་ཆར་གྱི་གནམ་གཤིས་བསྟན་མང་བ་བཅས་ཀྱི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ནས“མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པའི”བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་བོད་དུ་འགྲོ་འོང་བྱེད་སའི་བགྲོད་ལམ་དང་། མྱུར་བགྲོད་གཞུང་ལམ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་བཅས་གཙོ་བོར་དམ་པོར་དམིགས་ཏེ་ཁྱོན་ཡོངས་ལ་གྲལ་བཤེར་བྱེད་པའི་རྨང་གཞིའི་ཐོག་ཕུག་ལམ་དང་། ཟམ་པ། ལམ་གཟར། ཆུ་འགྲམ། གཡང་གཟར་སོགས་ཀྱི་ལམ་དུམ་དང་། གནས། མཚམས་ཚིགས་བཅས་གཙོ་གནད་དུ་བཟུང་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། བཅོས་སྒྲིག སེལ་བ་བཅས་བྱས་ཏེ་ལས་འཛོལ་ཚབས་ཆེན་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཁྲིམས་སྒྱུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་དང་། ཡུལ་སྐོར་གཙང་གླས་རླངས་འཁོར། མང་ཚོགས་སྒེར་གྱི་འགྲུལ་སྐྱེལ་རླངས་འཁོར་སོགས་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཟོག་འདྲེན་རླངས་འཁོར་གྱིས་འགྲུལ་པ་དབོར་བ་དང་། མྱུར་ཚད་ལས་བརྒལ་བ། ཐེག་ཚད་ལས་བརྒལ་བ་སོགས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་དགོས། འཛུགས་སྐྲུན་ཨར་ལས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྒྲུབ་ཀྱི་སྒྲིག་སྲོལ་ནན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བར་སྣང་ནས་དངོས་པོ་ལྷུང་བར་སྔོན་འགོག་བྱེད་པའི་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་སྤེལ་བ། གློག་སྤྱོད་དང་། ཡོ་བྱད། དམིགས་བསལ་སྒྲིག་ཆས་སོགས་ཀྱི་བདེ་འཇགས་ལས་དོན་གཅིག་གྱུར་ཐོག་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། འཕྲལ་སྡོམ་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་བདའ་འདེད་བཅས་མཐའ་འཁྱོངས་བྱེད་པ་དང་། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། ས་གནས་དང་གྲོང་ཁྱེར་གྱི་ཁོངས་གཏོགས་འགན་འཁྲི། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་བཅས་དོན་འཁྱོལ་ཡག་པོ་བྱེད་པ། སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་གཏན་འཁེལ་གྱི་བྱེད་ཐབས་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། གཏན་འབེབས་ཀྱི་བྱེད་ཐབས་དང་བླང་བྱ་ཁག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ་འགྲོ་ལམ་ཤར་གཏོང་དང་ཐོན་སྐྱེད་བདེ་འཇགས་གོ་རིམ་ལྡན་པའི་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།