དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞོན་ནུ་སློབ་མའི་འཐུས་མི་དང་སྤེལ་རེས་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-06

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞོན་ནུ་སློབ་མའི་འཐུས་མི་དང་སྤེལ་རེས་བཞུགས་མོལ་གནང་སྟེ“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ། བྱ་སྤྱོད་སྤེལ་བར་ང་ཡིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ཤིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཤུལ་འཛིན་པ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་གནང་བ།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞོན་ནུ་སློབ་མའི་འཐུས་མི་དང་སྤེལ་རེས་བཞུགས་མོལ་གནང་སྟེ“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ། བྱ་སྤྱོད་སྤེལ་བར་ང་ཡིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

    ལིའུ་ཅང་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལུའོ་མེ། ཏུའུ་ཅན་ཀུང་བཅས་ཞུགས་ཡོད་པ་རེད།

    “ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ། བྱ་སྤྱོད་སྤེལ་བར་ང་ཡིས་འབད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་སྤེལ་ཞིང་། ཝང་ཅུན་ཀྲེང་སློབ་ཁང་དུ་ཕེབས་ནས་དགེ་སློབ་ཚོ་དང་མཉམ་དུ་བཞུགས་ཏེ་དུས་བབ་དང་སྲིད་ཇུས་སྐོར་གྱི་སྙན་ཞུ་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་བྱམས་སྐྱོང་དང་ཐུགས་ཁུར་གཟབ་བཞེས་གནང་བ་མཉམ་དུ་བསྐྱར་དྲན་བྱས་ནས། རྒྱ་ཆེའི་གཞོན་ནུ་ཚོས་ལང་ཚོར་གཅེས་སྤྲས་དང་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་བཀླགས་ནས་བདེན་དོན་དོན་གཉེར་དང་། གནས་ལུགས་རྟོགས་པ། དོན་དངོས་གསལ་རྟོགས། འཇོན་ཐང་དངོས་སྦྱོང་བ། ཤེས་ཡོན་དངོས་དོན་གཉེར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་རྒྱུན་འཛིན་པ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    བཞུགས་མོལ་གནང་རིང་། གཞོན་ནུ་སློབ་མ་དང་གཞོན་ནུའི་ལས་དོན་པའི་འཐུས་མི་བློ་བཟང་དང་། སུའུ་རེན་ཝུའུ། སུང་ཧའེ་ཧྥེང་། ལྷག་སྒྲོན། ཀུའོ་ལུང་ཡན་སོགས་ཀྱིས་ལས་ཞུགས་ལས་གཏོད་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གླེང་གཞིར་དམིགས་ནས་གཏམ་བཤད་གཅིག་རྗེས་གཉིས་མཐུད་སྤེལ་བ་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་གསན་གྱིན་ཁོང་ཚོ་དང་སྤེལ་རེས་གནང་ཞིང་། ཁོང་གིས་སློབ་གྲྭའི་ཚོགས་པ་གསོན་ཤུགས་ཀྱིས་ཁེངས་པ་དང་གཞོན་ནུ་སློབ་མ་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བ་གཟིགས་རྗེས། གཞོན་ནུ་སློབ་མ་རྣམས་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་རང་ཉིད་སེམས་གཏིང་ནས་དགའ་པོ་བྱུང་། གཞོན་ནུ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཤོས་དང་། གསར་གཏོད་ཀྱི་ངར་ཤུགས་ཆེ་ཤོས། གསར་གཏོད་ཀྱི་བསམ་བློ་གཏོང་མཁས་ཤོས་བཅས་ལྡན་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་བྱང་ཚད་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་ལ་མཁོ་བའི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣར་ཧུར་ཐག་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཀྱི་རེ་བ་གཞོན་ནུར་ཐུབ་ཅིང་། མི་རིགས་ཀྱི་འབྱུང་འགྱུར་གཞོན་ནུར་བཅོལ་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་བརྟན་པོ་འཛུགས་པ་དང་དད་སེམས་བརྟན་པོ་སྲུང་དགོས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ། ཕུགས་བསམ་ཆེན་པོ་འཆང་བ་དང་ཕུགས་འདུན་དོན་གཉེར་བྱས་ནས་རང་རྟོགས་ངང“མི་རབས་གཅིག་ལས་མི་རབས་གཅིག་སྟོབས་ཆེ་བའི”ལང་ཚོའི་འགན་འཁྲི་འཁུར་བ་དང་། དུས་རབས་ཀྱི་ལས་འགན་འཁུར་ཕོད་པ། རྒྱུན་འཁྱོངས་ལྷོད་མེད་ངང་དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ།“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་མཁན་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་མཁན་ཧུར་ཐག་བྱེད་དགོས། འདུ་ཤེས་གསར་སྒྱུར་དང་གསར་གཏོད་བྱེད་ཕོད་དགོས་ཤིང་། གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསར་གཏོད་བྱེད་རྒྱུར་དཔའ་བས། གསར་གཏོད་ཀྱི་ནུས་པ་དང་སྤྲོ་སེམས་རྫོགས་མེད་ཡོད། དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་རྒྱུ་རྒྱུན་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན། མི་དམངས་མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམིགས་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཧུར་ཐག་འཚམ་པར་བྱས་ཏེ། གསར་གཏོད་ཕོད་པ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པར་བྱས་ནས། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་རྩིས་ལེན་དགོས། བཟང་པོ་ཀུན་འདུས་དང་རང་ཉིད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་འཛུགས་པ་དང་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཁྲོད་ནས་ཀུན་སྤྱོད་ཀྱི་ཉིང་བཅུད་བསྡུ་ལེན་མཁས་པོ་བྱས་ནས་ཡང་དག་པའི་ཀུན་སྤྱོད་ཤེས་རྟོགས་དང་། རང་རྟོགས་ཀྱི་ཀུན་སྤྱོད་འཇགས་པར་བྱེད་པ། ཧུར་བརྩོན་གྱི་ཀུན་སྤྱོད་ལག་ལེན་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་སྒེར་གྱི་ཀུན་སྤྱོད་བཞུན་བརྡར་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ཡག་ཏུ་གཏོང་བ། ལས་རིགས་ཀྱི་ཀུན་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་གི་ཀུན་སྤྱོད་དར་སྤེལ་གཏོང་བ་བཅས་བྱེད་དགོས། ཤེས་སྦྱོར་གཅིག་མཐུན་དང་ལག་ལེན་ཧུར་ཐག་བསྟར་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། “ཐོས་པ་ཙམ་གྱིས་གཏིང་མི་ཚུགས། བསམ་པ་ལས་ཀྱང་ལག་ལེན་གཙོ”ཞེས་པ་ལྟར་དཔེ་དེབ་སློབ་སྦྱོང་དང་ལག་ལེན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལག་ལེན་གྱི་སྦྱོང་བརྡར་དང་སྤྱི་ཚོགས་ཀྱི་ཉམས་མྱོང་མང་ཙམ་བསགས་ནས་རང་འགུལ་ངང་བོད་དུ་རྩ་བ་ཚུགས་པ་དང་། བོད་འཛུགས་སྐྲུན། བོད་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་ལས་རིགས་ཁག་གི་ཤེས་ལྡན་མི་སྣར་ཧུར་ཐག་འགྱུར་བར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་རིང་ལང་ཚོའི་བྱས་རྗེས་འཇོག་པ་དང་། ལང་ཚོའི་ཉམས་བཟང་མངོན་པ། ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།