དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་གྱིས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་བཏོན་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཟླ་4ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་ཀྱིས་གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་ལག་བསྟར་ཇུས་གཞིའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང“ལྔ་གཅིག”གུང་གསེང་རིང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ལ་ཞིབ་འཇུག་་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྙན་ལམ་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནུས་ལྡན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་བརྗེས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་གཞིགས་པ། གོ་སྐབས་དམ་འཛིན་བྱས་ནས་འགན་འཁྲི་ཁ་གསལ་བཟོ་བ། ལས་ཕྱོད་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཞི་གྲངས་མཐིལ་རྟོགས་དང་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། བཟོ་ལས་དང་། ནུས་རྒྱུ། འཛུགས་སྐྲུན། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ། ཞིང་ལས་དང་གྲོང་གསེབ། སློབ་གསོ་སློབ་ཁྲིད། རིག་གནས་ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སྒྲིག་ཆས་ཀྱི་ད་ལྟའི་གནས་ཚུལ་དང་གསར་བརྗེས་ཀྱི་དགོས་མཁོ་མཐིལ་རྟོགས་བྱེད་པ། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས་ཐོན་རྫས། ཁྱིམ་ཆས་འཛད་རྫས་སོགས་ཀྱི་ད་ལྟའི་གནས་ཚུལ་དང་རྙིང་པ་གསར་བརྗེས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་གསར་པ་ཤེས་རྟོགས་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་མ་དངུལ་གྱི་གཞི་ཁྱོན་ཚོད་རྩིས། དོན་འཁྱོལ་གྱི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་ཀའི་ལག་བསྟར་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པའི་སྒོ་ནས་སྤེལ་དགོས། གཙོ་གནད་མངོན་གསལ་དོད་དུ་བཏང་ནས་ཁྱད་ཆོས་མངོན་པ་བྱེད་དགོས། བདེ་འཇགས་ཐད་མངོན་མེད་རྐྱེན་ངན་ལྡན་པའི་སོལ་རླངས་དང་། གློག་སྐས། མེ་ཟོན་སོགས་སྒྲིག་ཆས་གསར་བརྗེས་སྔོན་ལ་ཐག་གཅོད་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ས་མཐོའི་ཐབ་ཆས་དང་། དྲོད་རླངས་མཁོ་འདོན། གསོ་རླུང་མཁོ་འདོན་བཅས་ཀྱི་འཛད་རྫས་རྙིང་པ་གསར་བརྗེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྗེས་ལུས་ཀྱི་ཐོན་སྐྱེད་ནུས་ཤུགས་འདོར་རྒྱུ་དང་ཐོན་ལས་རིམ་སྤོར་ཕྱོགས་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འགན་འཁྲི་ནན་དུ་བཏང་ནས་གནད་སྨིན་ཇུས་བསྟར་བྱེད་དགོས། སྣེ་ཁྲིད་སྡེ་ཚན་གྱི་སྣེ་ཁྲིད་པའི་འགན་འཁྲི་དང་། གཞོགས་འདེགས་སྡེ་ཚན་གྱི་ཞིབ་ཕྲའི་འགན་འཁྲི། ས་གནས་ཁག་དང་གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་བཅས་ཁ་གསལ་བཟོས་ནས་རང་རང་གི་འགན་འཁྲི་འཁུར་བ་དང་མཇུག་འདེད་སྐུལ་སྤེལ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་མཉམ་ལས་མཐུན་སྦྱོར་བྱེད་དགོས། ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་སྐྱོང་ལྗོངས་རིམ་པའི་ལེ་ལག་ཚང་བའི་སྲིད་ཇུས་མགྱོགས་མྱུར་འདོན་པ། ནོར་སྲིད་དང་། ཁྲལ་དོན། དངུལ་རྩ་སོགས་ཐད་ཀྱི་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་སྤྱོད་དང་། ནུས་སྤྱོད། ཚན་རྩལ་གསར་གཏོད་སོགས་ཀྱི་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས། སྨྱན་སྦྱོར་གསར་པ་སོགས་སྨྱན་སྦྱོར་སྣ་ཚོགས་ཡག་པོ་སྤྱོད་པ་དང་། སྲིད་ཇུས་གསལ་འགྲེལ་དང་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། འགྲེམས་ཚོགས་དང་བྲིན་སྐུལ་བྱེད་སྒོ་དང་ཟུང་འབྲེལ་ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།