དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ལ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    ཟླ་4ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་མ་ཟད། ད་དུང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་དཔེ་བཟང་བ་བརྩོན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཕྱིར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།

    ལིའུ་ཅང་གིས་ཞིབ་ཅིང་ཕྲ་བའི་དོན་དངོས་དང་ལོ་རྒྱུས་ཐོག་གི་གཏམ་རྒྱུད་དྲངས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་ལམ་བུར་ཕྱིར་དྲན་གནང་བ་མ་ཟད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་ཟུང་འབྲེལ་གྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་ཡང་གནང་ཞིང་། ཁོང་གིས་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་རྒྱུ་ནི་ལོ་བརྒྱའི་རིང་གི་ཏང་ཆེན་པོས་དཀའ་བ་དུ་མ་སྤྱད་པ་བརྒྱུད་དར་རྒྱས་གོང་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་ཞིག་རེད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་ལེན་བརྟན་པོ་ཞིག་ཀྱང་རེད།  དེས་ན་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་བསམ་པ་རྣམ་དག་ཡོང་བར་བྱེད་པའི་ཞུན་བརྡར་ཆེན་པོ་ཞིག་ལ་བརྩིས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་ཧུར་ཐག་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ལིའུ་ཅང་གིས་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ནི་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཅུན་ལྕག་གལ་ཆེན་ཞིག་རེད། དེ་ང་ཚོའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་དང་འབྲེལ་བ་དམ་ཟབ་ཡོད། དེས་ན《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། རང་རྟོགས་ངང་སྒྲིག་ཁྲིམས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། རང་རྟོགས་ངང་སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་སེམས་སུ་བརྟན་པོར་ངེས་ནས་རྒྱུན་གཏན་གྱི་གཏམ་སྤྱོད་ཚད་གཞིར་འགྱུར་བར་བྱེད་དགོས་པ་དང་། སྒྲིག་ཁྲིམས་གསལ་པོ་ཤེས་པ་བྱེད་པའི་ཐད་ཕན་འབྲས་ཐོན་པར་བྱས་ཏེ། རང་རྟོགས་ངང་སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི“མཐོ་གནོན་གློག་སྐུད”དང་སྤྱོད་གཙང་རང་གཅུན་གྱི“མེ་འགོག་གྱང”སྐྲུན་དགོས་པ། བསྡུར་བ་ཡང་ཡང་དང་སྒྲིག་ཁྲིམས་གསལ་རྟོགས་བྱེད་པའི་ཐད་གུས་སྐྲག་ཤེས་པ་དང་། ཟོན་སྐྲག་བྱེད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས་པ། སྒྲིག་ཁྲིམས་ནན་པོ་སྲུང་བའི་ཐད་མིག་དཔེ་བསྟན་ཏེ། མཐའ་ཚད་བརྟན་པོར་སྲུང་བ་དང་། དམར་ཐིག་ལས་མི་བརྒལ་བ། མཐོ་གནོན་གློག་སྐུད་ལ་མི་རེག་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།