ལྗོངས་ཏང་ཨུད་རྩ་འཛུགས་པུའི་2024ལོའི་ཀྲི་པུའུ་ཧྲུའུ་ཅིའི་དཔྱིད་དུས་འཆད་སྟེགས་གཉེར་བ།
གོང་ཚེས་ཉིན། ལྗོངས་ཏང་ཨུད་རྩ་འཛུཊ་པུས“《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱས་ནས། ཏང་གི‘སྒྲིག་ཁྲིམས་ཁག་དྲུག’ནན་སྲུང་གིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཏན་ཏིག་བྱ་རྒྱུ”འགོ་བརྗོད་དུ་བྱས་ཏེ་ཀྲི་པུའུ་ཧྲུའུ་ཅིའི་དཔྱིད་དུས་འཆད་སྟེགས་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུཊ་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུས་ནས། ཏང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས། བསམ་བློའི་ཉེན་བརྡ་རྒྱུན་དུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་རྩ་བ་དམ་པོར་འཛིན་པ། གུས་སྐྲག་གི་སེམས་པ་རྒྱུན་དུ་ཡོད་པ་བཅས་བྱས་ནས། ཏང་གི་སྤྱོད་གཙང་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས། ཏང་གི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་ལེན་བསྟར་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ་ཏང་གི་མང་ཚོགས་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས། འགན་འཁྲི་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། ཏང་གི་ལས་ཀའི་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས། ཏང་གཤིས་བློ་སྦྱོང་དང་། བསམ་བློའི་གོ་རྟོགས། ཀུན་སྤྱོད་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཏང་གི་འཚོ་བའི་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས།