ཝང་ཅུན་ཀྲེང་གིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་དངོས་ཚན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་བཟོ་ལས་ཅན་གསར་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཁེ་ལས་སུ་ཕེབས་ཏེ་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཨར་ལས་འཛུགས་སྐྲུན་རྒྱུ་ཆ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་སྐྱེད་བཟོ་རྩལ་དང་། ཐོན་རྫས་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཁེ་ལས་སུ་ཕེབས་ཏེ་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་ནས་དངོས་ཚན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་བཟོ་ལས་ཅན་གསར་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མཐོ་རྩོད་དམངས་སྤྱོད་འབར་རྫས་མ་རྐང་ཚད་ཡོད་ཀུང་སིས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཝང་ཅུན་ཀྲེང་ཁེ་ལས་ཀྱི་བྲིན་ཚོང་ཚོམས་ཆེན་དུ་ཕེབས་ནས་ཐོན་རྫས་འགྲེམས་སྟོན་ཁུལ་དུ་ལས་དོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཐོན་རྫས་ཕྱིར་ཚོང་དང་། སྐྱེལ་འདྲེན་དོ་དམ། རིག་ལྡན་ཅན་གྱི་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཀ་རྟེན་ཞིག་རེད། དེར་བརྟེན། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“བདག་དབང་ཁ་གསལ་དང་། གཉེར་སྐྱོང་དབང་ཆ་ལྷུག་གཏོང་། དོ་དམ་བྱེད་དབང་ལ་ཤུགས་སྣོན། ལྟ་སྐུལ་བྱེད་དབང་དོན་འཁྱོལ། ཐག་གཅོད་བྱེད་དབང་ཚད་ལྡན”བཅས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པར་དམིགས་པ་དང་། དོ་དམ་གསར་གཏོད་དང་ལམ་སྲོལ་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་གསར་གཏོད་གསར་སྐྲུན་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། མིག་རྒྱང་རིང་པོས་ཁེ་ལས་འཕེལ་རྒྱས་གཏོང་བར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོ་བ། དོ་དམ་ལ་ཤུགས་སྣོན་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་དང་། རིག་ལྡན་ཅན། ལྗང་མདོག་ཅན་བཅས་ཀྱི་ཁེ་ལས་གཏོད་པར་ཤུགས་རྒྱག་དགོས། བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་པ། ཁེ་ལས་ཀྱི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་དང་གཉེར་སྐྱོང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད། བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཨར་ལས་འཛུགས་སྐྲུན་རྒྱུ་ཆ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཐོན་སྐྱེད་སྒྲུབ་རིམ་དུ་ཡོད་པའི་བཟོ་པ་ཚོ་རང་འཁྲིའི་ལས་ལ་བྲེལ་ཞིང་། ཐོན་རྫས་སྣ་ཚོགས་གྲལ་སྟར་འགྲིག་པོར་བཞག་ནས་ཞིབ་བཤེར་ཚད་ལེན་བྱས་རྗེས་བཟོ་གྲྭ་ནས་འདོན་རྒྱུར་སྒུག་ནས་བསྡད་ཡོད། ཝང་ཅུན་ཀྲེང་གིས་ཕེབས་ཞོར་དུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་སྐྱེད་བཟོ་རྩལ་དང་། ཐོན་རྫས་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཁོང་གིས། ཁེ་ལས་འཕེལ་རྒྱས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་རང་རྟོགས་ངང་ཟུང་འབྲེལ་དམ་ཟབ་ཀྱིས་གཉེར་སྐྱོང་བརྟན་པོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དམིགས་ཏེ་ཚན་རྩལ་ནུས་སྤྲོད་དང་། ཁྲོམ་རའི་བྲིན་ཚོང་། སྤུས་རྟགས་ཁྱབ་གདལ་སོགས་ལ་ཤུགས་སྣོན་མང་ཙམ་བརྒྱབ་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཇུས་འགོད་ཀྱི་འདུ་ཤེས་ལེགས་སུ་གཏོང་བ་དང་། སྤུས་དག་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཐོན་རྫས་ཀྱི་བྱེད་ནུས་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ། སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ནས་འཛད་སྤྱོད་པས་ཐོན་རྫས་བློ་བདེ་པོས་ཉོ་བ་དང་བློས་འཁེལ་པོས་སྤྱོད་རྒྱུ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས། རིམ་ཁག་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་ལ་གཞིས་ཚུགས་ནས་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་གཏོང་བ། གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། བྱེད་ཐབས་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཀྱི་འགྲན་རྩོད་ལེགས་ཆ་སྲ་བརྟན་དང་མཐོ་རུ་གཏོང་བ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས་དཔལ་འབྱོར་ཐད་མིག་སྔར་གསོན་ཤུགས་དང་འབྱུང་འགྱུར་ལ་གདིང་ཤུགས་ཡོད་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་ཧུར་ཐག་གཏོང་བ་དང་། སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཁེ་ལས་ཆུང་ཕྲན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱས་ཏེ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དངོས་ཚན་དཔལ་འབྱོར་ཕྱོགས་སུ་གཅིག་སྡུད་དང་། སྲིད་ཇུས་དང་བྱེད་ཐབས་དངོས་ཚན་དཔལ་འབྱོར་ཕྱོགས་སུ་གཟིགས་སྐྱོང་། ལས་ཀའི་སྟོབས་ཤུགས་དངོས་ཚན་དཔལ་འབྱོར་ལ་ཕྱོགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་དངོས་ཚན་དཔལ་འབྱོར་འདེགས་སྐྱོར་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། གསར་དར་བཟོ་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་དམིགས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས་དང་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཀུན་སྤྱོད་མཁའ་འགྲུལ་དང་ནུས་རྒྱུ་གཙང་མ་སོགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་ལ་བརྩི་མཐོང་དང་། མཐུན་སྦྱོར་ལ་མཐོང་ཆེན། འབྱུང་འཕྲོད་དར་སྤེལ། སྒོ་དབྱེ་སྐྱེད་སྲིང་། མཉམ་སྤྱོད་ལ་སྐུལ་འདེད་བཅས་དངོས་འབྲེལ་ཐུབ་པར་བྱས་ནས་བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།