རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཝེ་ཐེ་ནམ《མི་དམངས་ཚགས་པར》གྱི་འཐུས་མི་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ།
ཚེས་24ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྷ་ས་རུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་དང་། ཝེ་ཐེ་ནམ《མི་དམངས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ། ཀྲུང་དབྱང་དྲིལ་བསྒྲགས་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ། ཝེ་ཐེ་ནམ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ལི་གོ་མིང་གིས་ཚོགས་གཙོ་གནང་བའི་ཝེ་ཐེ་ནམ《མི་དམངས་ཚགས་པར》གྱི་འཐུས་མི་ཚོགས་པ་དང་བཅས་པ་མི་6ལ་མཇལ་འཕྲད་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་གྱི་མཐོང་ཆེན་འོག་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་དབར་ཕན་ཚུན་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཝེ་ཐེ་ནམ《མི་དམངས་ཚཌ་པར》གྱི་ཤུགས་རྐྱེན་ལ་བརྟེན་ནས་ད་ཐེངས་ཀྱི་འཚམས་འདྲི་བྱེད་རིང་གི་མཐོང་ཐོས་མྱོང་གསུམ་ཝེ་ཐེ་ནམ་གྱི་སྤྱི་ཚོགས་ལས་རིགས་ཁག་དང་ཐ་ན་འཛམ་གླིང་ཡོངས་ཀྱི་དམངས་ཚོགས་སྔར་བས་མང་བར་བརྒྱུད་བསྒྲགས་བྱས་ཏེ། བོད་ཀྱི་གཏམ་རྒྱུད་དང་སྐད་སྒྲ་ངོ་མ་དང་གསོན་ཉམས་ལྡན་པ་དེ་རྒྱ་དེ་བས་ཆེ་བར་ཁྱབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལི་གོ་མིང་གིས་རང་ལྗོངས་ཀྱིས་འཐུས་མི་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པར་ཐུཌ་རྗེ་ཆེ་ཞུས་ཤིང་། བོད་ཀྱི་དཔལ་འབྱོར་དང་། རིག་གནས། དམངས་འཚོ་སོགས་ཕྱོགས་གང་ཅིར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཕྱོགས་གཉིས་པོའི་སྨྱན་སྦྱོར་དབར་གྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཟབ་གཏོང་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།