རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་4ཚེས་22ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལས་དོན་ལ་ཞིབ་འཇུག་གནང་བ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།
རེན་ཝེ་ཡིས་བསྟན་གནང་དོན། ཐང་རྒོད་ཅན་འགོག་བཅོས་བྱེད་པ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚན་རིག་དང་མཐུན་པའི་ངང་བྱེ་འགོག་བྱེ་བཅོས་མཐའ་འཁྱོངས་བྱས་ཏེ། “འགོག་པ”དང“བཅོས་པའི”གཙོ་གནད་ཁ་གསལ་བཟོས་ནས། ཡུལ་བབ་དང་བསྟུན་པ་དང་གནོད་འཚེར་གཞིགས་ནས་འགོག་བཅོས་བྱེད་པ་དང་། སྔོ་ཁེབས་སླར་གསོ་དང་བཅོས་སྐྱོང་བྱེད་སྟངས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ། ཚན་རྩལ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཐུན་སྦྱོར་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། ལས་ཀའི་བྱེད་ཐབས་དང་ལས་འགན་ཁ་གསལ་བཟོ་བ་དང་། རང་བྱུང་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་སྲུང་སྐྱོང་དང་། ཞན་འགྱུར་རྩྭ་ཐང་སླར་གསོ་བཅོས་སྐྱོང་། བྱེ་འགྱུར་ས་ཁོངས་མཉམ་འགོག་མཉམ་བཅོས་སོགས་ཐད་ཀྱི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལས་འགན་ཁག་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་ཐོག རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས།