དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-26

    དུས་ཚིཊ་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་སོཊ་ལ་ཞིབ་འཇུག་གནང་བ།

    ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག དེ་བཞིན་ཕྱོགས་བསྡུས་འགྲིམ་འགྲུལ་ལམ་དྲ་འཆར་འགོད་དང་བདེ་འཇགས་ཐོན་སྐྱེད་ལས་དོན་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ཐོག་ཡར་འཕེལ་དང་སྔོན་འཛུཊ་རྗེས་གཏོར་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིཊ་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས།གདེང་ཚོད་ཆེར་སྐྱེད་དང་དཀའ་བར་མི་འཛེམས་པར་མདུན་དུ་བསྐྱོད་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་གོམ་སྟབས་བརྟན་པོ་སྤོ་བ་དང་རྒྱུན་མཐུད་སླར་གསོ་ཡོང་བར་སྐུལ་འདེད་བཏང་བས། ཡུན་རིང་ལེགས་སུ་འགྲོ་བ་དང་དུས་ཐུང་གི་གནོན་ཤུགས་ཐེག་པའི་ཁྱད་ཆོས་མངོན་ཡོད། དུས་ཚིགས་གཉིས་པ་ནི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་དུས་མཚམས་དང་། མཐོར་གཏོང་ཚད་བརྒལ་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་པས། གཏན་ལ་ཕབ་པའི་བཀོད་སྒྲིག་གཞིར་བཟུང་། དམིགས་ཚད་ལ་གཞིགས་ནས་ལྷོད་གཡེང་མི་གཏོང་བ་དང་སྔོན་ཐོན་དང་ཡང་ཡང་བསྡུར་ཕོད་པར་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་སྣ་མང་དང་གཞི་ཆེའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པའི་གོ་སྐབས་དམ་འཛིན་ཧུར་ཐག་བྱེད་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་དུས་ཚིགས་གཉིས་པའི་ལས་དོན་ཁག་ཡག་པོ་སྒྲུབ་པ། དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་དུས་ཚོད་ཇི་ཙམ་སོང་བ་བཞིན་ལས་འགན་དེ་ལྟར་སྒྲུབ་ཐུབ་པར་བྱེད་དགོས། ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱོད་གོ་ཆོད་པའི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལེགས་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། ནུས་ཤུགས་གང་ཡོད་འདོན་པ་དང་བཀོད་གཏོང་ལ་དམ་འཛིན་ནན་པོ་བྱས་ཏེ་གསལ་ཐོ་བཟོ་བ་དང་། ལས་ཆོད་ཆེ་རུ་གཏོང་བ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ཏེ་དཔལ་འབྱོར་འཕར་སྣོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བར“ལས་ཆོད་ཆེན་པོས་བྱ་བ་རེ་སྒྲུབ་པར”དམིགས་ནས་སྲིད་དོན་ཞབས་ཞུ་ལེགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། “ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ། “དྲ་བ་གཅིག་དང་ལས་སྟེགས་གསུམ་འཛུགས་སྐྱོང”ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ལ་ལམ་ཀྱོག་འཐོལ་པ་འགྲོ་མི་དགོས་པ་དང་། དངུལ་འཐོལ་པ་སྤྲོད་མི་དགོས་པ། སེམས་ཁྲལ་འཐོལ་པ་བྱེད་མི་དགོས་པ་བཅས་ཏན་ཏིག་བྱེད་དགོས། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཞི་རྟེན་དུ་བྱས་ནས། གཙོ་གནད་ཚོགས་སྤྱི་ལས་ཞུགས་བརྟན་པོ་ཐུབ་པའི་ལས་དོན་ལ་དམ་འཛིན་ལྷོད་མེད་དང་ཏན་ཏིག་བྱེད་པ་དང་། སློབ་གསོ་དང་། སྨན་བཅོས། རྒན་གསོ། བྱིས་སྐྱོང་སོགས་དམངས་འཚོའི་དོན་དངོས་རེ་རེ་བཞིན་སྒྲུབ་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།