དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    ཚེས་22ཉིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལག་བསྟར་དཀའ་བའི་རིགས་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་བཅོས་སྐྱོང་གཏིང་ཟབ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཤཱ་ཁེ་ཆིན་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་ལག་བསྟར་མཉམ་འགུལ་ཚན་པ་ཁག་དང་རིམ་ཁག་ཁྲིམས་ཁང་གིས་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་ཏེ།“ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱིས་མཐུན་སྦྱོར་བྱེད་པ། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། ཁྲིམས་ཁང་གིས་གཙོ་གཉེར་བྱེད་པ། སྡེ་ཚན་གྱིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཞུགས་པ”བཅས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་ཆེན་པོ་ཞིག་རགས་ཙམ་ཆགས་ནས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་ལག་བསྟར་ལས་དོན་ནི་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་མཐའ་མ་དང་མཐའ་མའི་ལྷུ་ཚིགས་དེ་རེད། གྱོད་སྒྲུབ་ལས་དོན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས“3+1”ལྟེ་བའི་དམིགས་ཚད་ཀྱི་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་རྙོག་རྗོབ་དང་སྟབས་བདེ་ཁག་བགོས་ལ་སྐུལ་འདེད་གཏོང་བ་དང་། འབྱུང་རྩའི་ལག་བསྟར་བཅོས་སྐྱོང་ཟབ་ཏུ་གཏོང་བ། ལག་བསྟར་བྱེད་མཚམས་བཞག་པའི་གྱོད་གཞི་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། “ལག་བསྟར་དཀའ་བའི”གནད་དོན་སྔར་བས་སེལ་དགོས།

    སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་ནས་མཉམ་འབྲེལ་གྱི་ཆད་བཅད་བསླབ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་དན་ཚིག་ལ་མ་གནས་མཁན་ལག་བསྟར་བྱ་ཡུལ་ལ་ཁྲིམས་ལྟར་ཆད་བཅད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། གཞུང་ལས་པའི་ཡིད་རྟོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་མི་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་འཛིན་ལ་སྤྱི་མོས་ཐོབ་ཚད་སྔར་བས་ཆེ་རུ་གཏོང་དགོས། ལག་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཀུན་སློང་བཟང་པོ་དང་ཡ་རབས་ལྡན་པའི་ལག་བསྟར་གྱི་འདུ་ཤེས་འཛུགས་པ་དང་། ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུས་ནས་གྱོད་སྒྲུབ་བྱེད་པ། ལག་བསྟར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལག་བསྟར་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་སྔར་བས་དོན་འཁྱོལ་ཏན་ཏིག སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རྒྱབ་སྐྱོར་འགན་སྲུང་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་སྣོན་རྒྱག་པ། ལག་བསྟར་བྱེད་དཀའ་བའི་རིགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་བཅོས་སྐྱོང་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པ་དང་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་ཞེས་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།