དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་སྣང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་གྱིས་གྲུབ་འབྲས་ཐོབ་པའི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་སྣང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་གྱིས་གྲུབ་འབྲས་ཐོབ་པའི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་ལ་གྲངས་བཤེར་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། “འགག་རྩའི་ལོ་དེའི”“འགག་རྩའི་དམིགས་ཚད”མངོན་འགྱུར་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་ཡག་པོ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྣམ་གྲངས་ལ་དམ་འཛིན་དང་། མ་འཇོག་བརྟན་པོ། འཕར་སྣོན་ལ་སྐུལ་སྤེལ་བཅས་མུ་མཐུད་བྱེད་པ་དང་འགོ་ཁྲིད་ཀྱི་འགན་གཙང་དང་སྲུང་སྐྱོང་ལམ་སྲོལ་མུ་མཐུད་དོན་འཁྱོལ་ནན་པོ་བྱས་ཏེ་ཨར་ལས་རྣམ་གྲངས་དང་གསར་འཛུགས་རྣམ་གྲངས་ཀྱི་མཛོད་རྒྱ་སྐྱེད་ཤུགས་ཆེན་གཏོང་བ་དང་། སྐུལ་ཁྲིད་རང་བཞིན་གྱི་གཙོ་གནད་རྣམ་གྲངས་ལ་དམིགས་སུ་བཀར་ནས་དམ་འཛིན་བྱེད་པ། དམངས་ཁྲོད་ཀྱི་མ་དངུལ་གཏོང་བའི་གསོན་ཤུགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མ་དངུལ་གཏོང་ཤུགས་ཆེ་རུ་ནུས་ལྡན་གཏོང་དགོས། གདིང་ཤུགས་སྔོག་འདོན་དང་། འཛད་སྤྱོད་ལ་སྐུལ་འདེད། ནང་མཁོ་རྒྱ་སྐྱེད་བཅས་མུ་མཐུད་བྱས་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་ཚབ་གསར་བརྗེས་ཀྱི་ལས་ཀའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་རབ་དང་རིམ་པ་འདོན་པ་དང་བྱེད་ཐབས་རབ་དང་རིམ་པ་བཟོ་དགོས། དམངས་འཚོར་ཕན་པ་དང་། མི་སེམས་དྲོ་བ། དམངས་སེམས་གཅིག་སྡུད་བཅས་མུ་མཐུད་བྱས་ནས་ལོ་འདི་གའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་སྟངས་གསར་པ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སྟབས་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བཅས་བྱས་ཏེ“ཚན་སློབ་སྨན་གསུམ”མཉམ་འདྲེས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་དང་། མཐའ་མཚམས་སྟོབས་ཆེན། སྲུང་བཅད་སྐྲུན་པ་བཅས་མུ་མཐུད་བྱས་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་སོགས་ཀྱི་ལས་དོན་ལ་དམ་འཛིན་ལྷོད་མེད་དང་། དམ་འཛིན་མཐར་ཕྱིན།

    ཕན་འབྲས་ཐོན་པ་བཅས་བྱེད་དགོས། ཉེན་ཁ་སྔོན་འགོག་དང་། མཐའ་ཚད་སྲུང་བ། བདེ་འཇགས་འགན་ལེན་བཅས་མུ་མཐུད་བྱས་ནས་ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། པུའུ་ཨུད་ལ་འབྲེལ་གཏུག་དང་། འབྲེལ་མཐུད་ལ་དམ་འཛིན། དོན་འཁྱོལ་ལ་སྐུལ་འདེད་བཅས་མུ་མཐུད་བྱས་ནས་གཅིག་གཏན་འཁེལ་ན་དེར་གྲུབ་འབྲས་ཐོབ་པའི་འགན་ལེན་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་ཏན་ཏིག་སྒྱུར་དགོས།

    ཚོགས་འདུའི་ཐོག་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།