ལའེ་ཅའོ་ལྗོངས་ཏང་ཨུད་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་ཚོགས་ཆུང་གི་ལས་དོན་ཚོགས་འདུ་ཐེངས་དང་པོར་ཞུགས་པ།
ཚེས་18ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་ཚོགས་ཆུང་གི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། བྱེད་ཐབས་ཏན་ཏིག་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤུས་ཚད་མཐོ་པོས་སྤེལ་བར་སྐུལ་འདེད་གཏོང་དགོས། འགན་ནུས་འདོན་སྤེལ་བྱས་ཏེ་མཐོ་ས་ནས་རྨང་གཞིར་ལྟ་བ་དང་སྤྱི་ཡོངས་ལ་གཞིགས་ནས་ཏེ་ཞིབ་ཕྲར་དམ་འཛིན་བྱེད་པ། ཇུས་འདོན་ལས་རོགས་ཡག་པོ་བྱེད་པ། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་མཛུབ་ཁྲིད་་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཇི་མ་ཇི་བཞིན་དང་ལེའུ་རེ་རེ་དང་དོན་ཚན་རེ་རེ་བཞིན《སྲོལ་ཡིག》སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་མཛུབ་ཁྲིད་བྱེད་པ་དང“སྒྲིག་ཁྲིམས་ཁག་དྲུག”གི་དོན་སྙིང་དང་གཏན་འབེབས་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དགོས། ལས་ཀའི་བླང་བྱ་དོན་འཁྱོལ་གྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་དམ་ནན་དང་མཐུན་སྒྲིལ་མཉམ་ལས་བཟང་པོར་བརྟེན་ནས། འགན་འཁྲི་གཙང་སྒྲུབ་དང་འགན་འཁྲི་ཧུར་ཐག་འཁུར་ཏེ་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་ཡག་པོ་བྱེད་དགོས།