རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
ཟླ་4ཚེས་14དང་ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཕྱོཊ་ཡོངས་ནས་སྤྱི་ཚོགས་རིང་ལུཊ་དེང་རབས་ཅན་གྱི་བོད་གསར་འཛུཊ་སྐྲུན་བྱེད་པར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དཔེ་ཀློག་འཛིན་གྲྭའི་ཐོག ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། རྒྱལ་མཚན། རྡོ་རྗེ་ཚེ་སྒྲུབ་སོགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སློབ་སྦྱོང་བྱེད་པར་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་དང་། ཝང་ཅུན་ཀྲེང་གིས་དཔྱད་བརྗོད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ང་ཚོར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ལྷག་པར་དུ་ཏང་ཡོན་ལས་བྱེད་པས་དུས་བབ་གསར་པའི་འོག 《སྲོལ་ཡིག》བཟོ་བཅོས་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། 《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 《སྲོལ་ཡིག》ལ་བཟོ་བཅོས་རྒྱག་པ་ནི་ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་དགོས་ངེས་ཀྱི་བླང་བྱ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་སྒྲིག་ཁྲིམས་ནན་པོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་དངོས་ཡོད་ཀྱི་དགོས་མཁོ། ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་ཕྱོགས་སྡོམ་དང་ལམ་ལུགས་དུས་བསྟུན་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་ལག་ལེན་གྱི་བླང་བྱ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་བཅས་ཡིན་པས། སྔར་བས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་སྔ་ཕྱི་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 《སྲོལ་ཡིག》བཟོ་བཅོས་རྒྱག་པའི་གཙོ་དོན་དང་དོན་སྙིང་ཁྱོན་ཡོངས་དང་། བརྒྱུད་རིམ་ལྡན་པ། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། 《སྲོལ་ཡིག》ལ་བརྩི་སྲུང་ཞུ་བའི་མིག་དཔེ་ཧུར་ཐག་འདོན་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དམ་པོ་བཟོས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་ཁག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་པ། སྐད་ཆ་དྲང་པོ་ཤོད་པ་དང་ལས་ཀ་དྲང་པོ་དྲང་བཞག་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་དོན་རྟོགས་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལས་འཕེལ་བའི་སྒུལ་ཤུགས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་སྒྱུར་དགོས། ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་། འགན་འཁྲིའི་ཐད་འཁོར་འབྲེལ་ཧྲིལ་པོ་དང་། དོ་དམ་ཐད་རྒྱུན་འཁོར་ཧྲིལ་པོ། ཁ་གཏད་ཐད་ཁྱོན་ཡོངས་ལ་ཁྱབ་པ་བཅས་མཐའ་འཁྱོངས་བྱེད་པ། ལམ་ལུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་དངོས་གནས་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པར་ཁྲིད་སྟོན་དང་སྐུལ་མ་བཏང་ནས་དོ་དམ་དང་ལྟ་སྐུལ་ནན་པོ་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་རྒྱུ་དེ་གཅིག་གྱུར་ཡོང་བར་བྱས་ཏེ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། སྲིད་ཇུས་དང་ཐབས་ཇུས་སྟངས་འཛིན་ཡང་དག་བྱེད་པ། གནད་ལ་འཁེལ་ཞིང་ཚད་ལྡན་གྱི་སྒོ་ནས་འགན་འཁྲི་བདའ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སེམས་མཐུན་དང་། བློ་ཁ་མཐུན་པ། ལས་སྒྲུབ། ལས་གཏོད་བཅས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ། ཏང་ཡོན་ལས་བྱེད་པས་འཐབ་རྩོད་བྱེད་ཕོད་པ་དང་འགན་འཁྲི་ཡང་དག་སྒྲུབ་པར་སྐུལ་འདེད་བཏང་སྟེ།“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་བྱེད་རིང་འགན་འཁྲི་དང་བྱ་སྤྱོད་སྔར་བས་ཆེ་བ་མངོན་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ནན་ཏན་དང་འགན་འཁུར་བའི་རྣམ་འགྱུར་ཐོག་ནས《སྲོལ་ཡིག》ལག་བསྟར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་བཀུར་ཁྲིམས་སྲུང་གི་རང་རྟོགས་ཆེ་རུ་གཏོང་བ་དང་། བསམ་བློའི་ཐོག་ནས་རྩ་བ་བརྟན་དུ་གཏོང་བར་སྣང་ཆེན་བྱེད་པ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་གཤིས་བརྟན་གཏོང་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་སྦྱོང་བརྡར་བཅས་རྒྱུན་གཏན་ནང་མཉམ་འདྲེས་དང་གོམས་གཤིས་སུ་འཇགས་པ། སྒྲིག་ཁྲིམས་སློབ་གསོ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། 《སྲོལ་ཡིག》གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་དེ་ཏང་ཡོན་ལས་བྱེད་པས་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུ་བློ་ལ་བརྟན་པོར་ངེས་པ་དང་བྱ་སྤྱོད་དངོས་ལ་དོན་འཁྱོལ་ཐུབ་པ་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ཏེ་གནད་སྨིན་སྒྲིག་སྐྱོང་ནན་པོ་བྱས་ནས་སྒྲིག་ཁྲིམས་སྔོན་འཇོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་དམིགས་བསལ་མེད་པ་བྱེད་དགོས་པ་དང་། སྒྲིག་ཁྲིམས་ཀྱི་བཙན་ཐབས་དང་ནན་སྲུང་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། སྒྲིག་སྐྱོང་ཁྲིམས་བསྟར་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཁྲིམས་སྒྲིག་དམ་སྦྲེལ་ཡག་པོ་བྱེད་པ། སྒྲིག་ཁྲིམས་དང་ཁྲིམས་ལུགས་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།