དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ་དང་ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-15

    དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དྲ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་དོན་སྙན་སེང་གསན་པ་དང་། གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། ཁོང་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དྲ་འཕྲིན་ལས་དོན་གྱི་དུས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། འདུ་ཤེས་གསར་བརྗེས་དང་གཞུང་འཁྱོངས་གསར་འབྱེད་བྱེད་པ། དྲ་འཕྲིན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། ཞུས་ཀྲི་ཐའོ། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྐོར་ལ་གསར་གཏོད་རང་བཞིན་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བས། ང་ཚོས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་བོད་ཀྱི་དྲ་འཕྲིན་ལས་དོན་གྱི་སྤྱི་ཡོངས་ལ་བློ་བརྟན་འགྱུར་མེད་ངང་གཅིག་འདོམས་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་པ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།

    གཡུལ་སའི་འདུ་ཤེས་ཟབ་ཏུ་བཏང་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་ཀྱི་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས་ཤིང་། དྲ་རྒྱའི་བརྒྱུད་སྤེལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་དྲ་ཐོག་གི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲ་ཐོག་ཏུ་དྲིལ་བསྒྲགས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས། དྲ་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་ཁྱབ་གདལ་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ངོ་མ་དང་། འབུར་ཐོན། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཡག་པོ་བཤད་དེ་བོད་ཀྱི་སྐད་སྒྲ་བརྒྱུད་སྤེལ་ཡག་པོ་བྱེད་དགོས།

    བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ནས་དྲ་རྒྱའི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་དྲ་རྒྱ་ཆེན་པོའི་བདེ་འཇགས་ལས་དོན་གྱི་རྣམ་པ་ཟབ་མོ་གཏོད་དགོས།

    བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་བྱས་ནས་བོད་ཀྱི་དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཤིང་། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་། ཁྲིམས་ལྟར་དྲ་རྒྱ་གཉེར་བ། ཁྲིམས་ལྟར་དྲ་བར་ཞུགས་པ་བཅས་མཐའ་འཁྱོངས་བྱས་ནས་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་དང་དྲ་དམངས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་སྟེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཏན་ཏིག་སྒྲུབ་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།

    འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དམ་འཛིན་ནན་པོ་བྱས་ཏེ། འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲངས་འཛིན་དཔལ་འབྱོར་ཆེན་པོ་སྟོབས་ཆེར་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་འགྲོ་བར་མུ་མཐུད་ནུས་པ་སྦྱིན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དྲ་སྦྲེལ་གྱི་བསམ་གཞིགས་ཆེ་རུ་བཏང་ནས་རང་རྟོགས་ངང་དྲ་རྒྱ་སྦྱོང་བ་དང་། དྲ་རྒྱ་ཤེས་པ། དྲ་རྒྱ་སྤྱོད་པ་བཅས་བྱེད་དགོས། ལས་དོན་གྱི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། བློ་སྒྲིལ་བག་ཕེབས་དང་སེམས་ནུས་ཡོད་རྒུས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།