དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་ནས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁྲི་འཁུར་ཕོད་པའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

     ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ལྡོག་མེད་ཀྱི་བླང་བྱར་ངོས་འཛིན་གཏིང་ཟབ་ཐུབ་པ། སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན་དང་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། རྒྱུན་དུ་སྤེལ་བ་དང་དམ་འཛིན་རྒྱུན་གཏན་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སེམས་ནང་གཏིང་ཟབ་ཟུག་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། དམིགས་ཚད་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་དམ་པོར་དམིགས་ཏེ་བགྲོ་གླེང་སློབ་སྦྱོང་བྱེད་པ། ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་འདྲ་ཡིན་པ་གསལ་པོར་རྟོགས་པ་དང་གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བ་གསལ་པོ་རྟོགས་པར་ཁྲིད་སྟོན་བྱས་ཏེ་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ། དངོས་སྒྲུབ་དང་། གྲུབ་འབྲས་དངོས། ཐེག་པ་འཁུར་ལེན་བཅས་ལ་སྣང་ཆེན་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ། མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ས་བཅད་རེ་རེ་བཞིན་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞིབ་འཇུག་དང་ལྟ་ཀློག་ཞིབ་ཚགས་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་རྩ་བ་དམ་པོར་འཛིན་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གསལ་ཤེས་པ་ཞིག་བྱེད་དགོས། ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་པ་དང་། ཉེན་ཟོན་སློབ་གསོའི་པར་གཞི་དང་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་སོགས་སྤྱད་དེ་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་བརྒྱབ་ནས་ཏང་ཡོན་དང་ལས་བྱེད་པར་ཉེན་ཟོན་དྲན་སྐུལ་ཐུབ་པ་དང་། མཐའ་ཚད་རྟོགས་པ། གུས་སྐྲག་ཤེས་པ་བཅས་བྱེད་དགོས། རིགས་དབྱེའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ་དབྱེ་བ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསལ་འགྲེལ་དང་གསོ་སྦྱོང་གི་ལས་དོན་སྤེལ་ནས། ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་གལ་ཆེན་ཡག་པོ་སྤྱད་དེ་ཏང་ཡོན་དང་ལས་བྱེད་པས་རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་དེའི་ཁྲོད་འཇུག་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང《སྲོལ་ཡིག》དང་ཞིབ་བསྡུར་བྱས་ནས་མི་འདང་ས་བཙལ་ཏེ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས། བརྒྱུད་རིམ་ལྡན་པའི་སྟངས་འཛིན་དང་ཟུང་འབྲེལ་བྱས་ཏེ། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་དང་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ལ་དངོས་སུ་འགྱུར་བ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་འབྲེལ་བར་སྟངས་འཛིན་ཡག་པོ་དང“དོན་ཆེན་བཞི”དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་དང་། འཇུར་མིག་དང་དཀའ་གནད་སེལ་བའི་ཁ་གཏད་གཅོག་ཐབས་དང་བྱ་ཐབས། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ་བ་དང་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་བྱ་ཐབས་ཏན་ཏིག་དང་བྱ་ཐབས་གསར་པ་བཅས་ཇུས་འགོད་ཧུར་ཐག་བྱས་ནས། དངོས་འཛིན་དངོས་སྦྱོང་དང་སྦྱངས་ནས་སྤུས་ཚད་དང་ཕན་འབྲས་ཐོན་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཡར་རྒྱས་གསར་པ་ཡོང་བར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བའི་འགན་ལེན་བྱེད་དགོས། ཕྱོགས་གཉིས་ཀར་དམ་འཛིན་དང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་། ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་ལས་ཀའི་གཙོ་གནད་ལེགས་གྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་གྱིས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།