དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ནུས་རྒྱུ་གསར་པ་དང་ལིས་ཐོན་ལས་ཀྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ནན་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-11

    ཟླ་4ཚེས་8ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནུས་རྒྱུ་གསར་པ་དང་ལིས་ཐོན་ལས་ཀྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ནན་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པ་དང་ལིས་ཐོན་ལས་ཁྱབ་ཁོངས་ཀྱི་ཁེ་ལས་80ལྷག་ཙམ་འོས་སྦྱོར་ཚོགས་འདུར་ཞུགས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་7ལ་མིང་རྟགས་བཀོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་ཚྭ་མཚོའི་ལིས་ཐོན་ཁུངས་གཙོ་བོ་དེ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་སུ་ཁྱབ་ཡོད་པ་དང་སྤྱིའི་གསོག་ཉར་བྱེད་ཚད་ཏུན་ཁྲི་4000ལྷག་ཙམ་ཟིན་གྱི་ཡོད། བོད་ཀྱི་ཚྭ་མཚོའི་ལིས་ཐོན་ཁུངས་ཏུན་ཁྲི་2000ལྷག་ཙམ་གསོག་ཉར་བྱས་པ་དེས་རྒྱལ་ཡོངས་ཀྱི་50%ཡན་བཟུང་ཡོད། འདེད་རྩིས་བརྒྱབ་པར་གཞིགས་ན། བོད་ལྗོངས་འདི་ཉིད་2025ལོར་སླེབས་སྐབས་ཐཱན་སྐྱུར་ལིའི་ཐོན་ནུས་སྔོན་དཔག་བྱས་ན་ཏུན་ཁྲི་7ཟིན་རྒྱུ་དང་2030ལོར་སླེབས་སྐབས་ཏུན་ཁྲི་27ཟིན་རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།