དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2024ལོའི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-08

    ཚེས་3ཉིན་གྱི་ཕྱི་དྲོར། 2024ལོའི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ། གྲོང་ཁྱེར(ས་ཁུལ)ཁག་གི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་སྐོར་གྱི་གནས་ཚུལ་ཕྱོགས་སྡོམ་སྤེལ་རེས་བྱས་པ་དང་། མིག་སྔའི་ལས་ཀའི་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ། འདི་ལོའི་ལྗོངས་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་རྒྱལ་ཡོངས་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ནི་རྒྱལ་བབ་དང་རྒྱལ་སྟོབས་ལ་བརྟག་དཔྱད་བྱེད་པའི་ལས་དོན་གལ་ཆེན་ཞིག་དང་། རྨོ་ཞིང་གི་དམར་ཐིག་བརྟན་པོར་སྲུང་བ་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། རིམ་ཁག་སྡེ་ཚན་ཁག་གིས་འབྲུ་རིགས་བདེ་འཇགས་དང་། རྨོ་ཞིང་སྲུང་སྐྱོང་། ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། དམིགས་ཚད་ཀྱི་ཁ་ཕྱོགས་གསལ་བཟོ། ལག་རྩལ་གྱི་སྤུས་ཚད་ཚོད་འཛིན་ནན་པོ། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཕྱི་ནས་མ་དཔེ་འཚོལ་བསྡུ་དང་། ནང་དུ་ཞིབ་བཤེར་ཚད་ལེན། དཔེ་མཚོན་ཐོན་རྫས་མཛོད་དང་གྲངས་གཞིའི་མཛོད་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། དུས་ཚོད་དང་གོ་རིམ་ལྟར་དང་སྤུས་ཚད་ལེགས་པོས་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་ཁག་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།