དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-06

    ཚེས་2ཉིན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་འཚོགས་པ་རེད།

    ཚོགས་འདུའི་ཐོག《སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན། རིམ་གསབ་བཅས་སྐོར་གྱི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གཏན་འཁེལ་གྲོས་གཞི》དང《བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི་2024ལོའི་ལས་ཀའི་གཙོ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཏང་ཆེད་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དེར་དམ་པོར་དམིགས་ཏེ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སེམས་ལ་ཟུག་པར་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། ཏང་ཆེད་དཀའ་ངལ་སེལ་རོགས་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལྗོངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་དེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ཁྲོད་རང་རྟོགས་ངང་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་དོན་འཁྱོལ་བྱེད་དགོས། ཏང་གིས་གནང་བའི་ཐོན་ཁུངས་དང་ཐབས་ལམ་ལ་བརྟེན་ནས་གཞོན་ནུ་ཚོར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱེད་པ་དང་། དུས་འབྲིང་དང་དུས་རིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ཞབས་ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། གཞོན་ནུའི་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གཏོད་ལ་རོགས་རམ་བཅས་བྱས་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།