2023ལོའི་བོད་ཀྱི་བཟོ་བོའི་ལོ་འཁོར་གྱི་མི་སྣ་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ།
ལིའུ་ཅང་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ།
ཚེས་3ཉིན། 2023ལོའི་བོད་ཀྱི་བཟོ་བོའི་ལོ་འཁོར་གྱི་མི་སྣ་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཡོངས་བསྒྲགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།
ད་ཐེངས་2023ལོ་འཁོར་གྱི་བོད་ཀྱི་བཟོ་བོའི་མཚན་སྙན་ཐོབ་པའི་ལོ་འཁོར་གྱི་མི་སྣ་བརྒྱད་ཡོད་པ་སྟེ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་པ་སངས་དབང་འདུས་དང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ཚོགས་པ་ལྕགས་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་ཨ་མདོ་འཁོར་ཁང་གི་ཀྲུའུ་རེན་ཀའོ་ཆན་ཧྲེང་། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གྲུམ་ནད་ཚན་ཁག་གི་ཀྲུའུ་རེན་དང་གཙོ་བཅོས་སྨན་པ་གཞོན་པ་ཀརྨ་ཆོས་རྒྱལ། བོད་ཀྱི་ཇ་ལོ་ལས་སྣོན་བྱེད་སྟངས་ལེགས་སུ་གཏོང་མཁན་ལུའོ་ཞའོ་ལིང་། བོད་རུམ་གྱི་རི་མོ་རྐྱང་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་བསྟན་འཛིན་འཕྲིན་ལས། བོད་ཀྱི་སྡོང་ཕུང་གི་ས་བོན་འདེབས་གསོ་དང་འདེབས་འཛུགས་ལག་རྩལ་གྱི་དཀའ་གནད་བསལ་མཁན་ཆིའུ་ཆོན་ལེ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་མཐོ་རིམ་བཟོ་བཀོད་པ་ཙེང་ཧྥན་མིང་། ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གི་རུས་ནད་ཚན་ཁག་སྒལ་ཚིགས་གཤགས་བཅོས་ཆུང་གྲས་ཀྱི་རིགས་གཅིག་མཁས་ཅན་དང་ཡོན་ཀྲང་ཁུང་ཆིང་ཆོན་བཅས་རེད། ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
ལིའུ་ཅང་གིས་དུས་རབས་གསར་པ་ནི་གསར་གཏོད་མཁན་གྱི་དུས་རབས་ཤིག་རེད། ཆབ་སྲིད་ཆེ་ཤོས་དང་ལས་འགན་གལ་ཆེ་ཤོས་ལ་དམིགས་ནས་འགན་འཁྲི་ནན་དུ་བཏང་སྟེ་ལོ་རྒྱུས་ཀྱི་རང་འགུལ་ཆེན་པོའི་སྙིང་སྟོབས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”རྩེ་གྲ་གཏོད་རྒྱུར་དམིགས་ཏེ། གསར་གཏོད་ཧུར་ཐག་དང་དཀའ་ངལ་ཁྱབ་བསད་བྱེད་ཕོད་པར་བྱེད་དགོས། ལས་གནས་ལ་གཞི་ཚུགས་ནས་འབད་འབུངས་ཡར་བརྩོན་གྱིས་འདུ་ཤེས་དང་། དོ་དམ། ལག་རྩལ། ལམ་སྲོལ་བཅས་གསར་གཏོད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རིན་ཐང་དང་ཉམས་འགྱུར་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་བཟོ་བོ་དང་རྩལ་ནུས་ཤེས་ལྡན་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དར་སྤེལ་གཏོང་བ་དང་རླབས་ཆེན་དུས་རབས་ཀྱི་གསུང་སྒྲ་གཏོད་པ་དང་། རིམ་ཁག་བཟོ་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་དཀའ་སྤྱད་སྦྱོང་བརྡར་དང་། བཟོ་རྩལ་ཞུན་བརྡར། གཞུང་འཁྱོངས་གསར་འབྱེད། བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་བཅས་ལ་ཁྲིད་སྟོན་བྱས་ནས། བོད་ཀྱི་བཟོ་བོ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།