དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོའི་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོ་དང་། ལེ་ལག་ཚང་བའི་ཆུ་བེད་ལས་གྲྭ སྡོང་ཕྲུག་གསོ་སྤེལ་བཅས་དང་དེ་བཞིན་ཆུ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཚོད་ལྟའི་ལས་གྲྭ་བཅས་ལ་བརྟག་ཞིབ་གནང་བ་རེད།

    འཇམ་དཔལ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    དཔྱིད་ཀྱི་དཔལ་ཡོན་བཞད་པའི་སྐབས་སུ། ལྷ་སའི་ལྷོ་རི་བྱང་རིར་རྒྱང་ལྟ་བྱེད་སྐབས་མི་རྣམས་ཀྱིས་ཚ་ཚ་འུར་འུར་ངང་ཤིང་འཛུགས་ནགས་བཟོ་བྱེད་བཞིན་འདུག སྣེའུ་ཕུག་ལམ་ཁུལ་དང་བོད་སྡེ་ཨང་4པའི་ཁུལ་དུ། ཡན་ཅིན་ཧའེ་ཡིས་སྡོང་ཕྲུག་གི་སྐྱེ་ཚུལ་ལ་གཟིགས་པ་དང་གཡོག་བྱེད་གང་འདྲ་བྱེད་མིན་བཀའ་འདྲི་གནང་བ་མ་ཟད། སྙན་སེང་ཡང་གསན་པ་རེད། “ཁྱེད་ཚོ་རྫོང་གང་ནས་ཡོང་བ་ཡིན་ནམ། ཡོང་འབབ་གང་འདྲ་འདུག་གམ”ཞེས་བཀའ་འདྲི་གནང་བ་དང་ཤིང་འཛུགས་མཁན་མང་ཆེ་བ་ལས་ཞུགས་གཞན་སྒྱུར་གྱི་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཡིན་པ་མཁྱེན་སྐབས་ཡན་ཅིན་ཧའེ་ཐུགས་མགུ་པོ་བྱུང་ཞིང་། ཁོང་གིས་སྐྱེ་ཁམས་དམངས་ཕན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་ནང་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཁྲོད་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་བསྐྲུན་རྒྱུ་ནི་མིག་སྔར་གཞི་ཚུགས་ནས་ཕུགས་ལ་དམིགས་པ་དང་། བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། ཕྱོགས་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད། མིག་སྔར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དམིགས་ཚད་ལ་མུ་མཐུད་དམ་པོར་དམིགས་པ་དང་མེ་འགོག་དང་། ཆུ་གཏོང་བ། གཡོག་བྱེད་བཅས་ཀྱི་ལས་དོན་སྤྱི་འདོམས་བྱེད་པ་དང“ཐག་ཉེ་ས་ནས་རིང་ས་དང་དམའ་ས་ནས་མཐོ་སའི”སྔོ་འགྱུར་བྱེད་ཐབས་སྤྱད་དེ་རིམ་གྱིས་གནས་ནས་ཡུག་འབྲེལ་དང་། དེ་ནས་ཕྱིར་རྒྱ་སྐྱེད་གཏོང་བ། འཁོར་རྒྱུག་བཟང་པོ་ཆགས་པ་བཅས་བྱས་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་པ་མཐའ་འཁྱོངས་དང་། དོན་དངོས་དང་བསྟུན་པ། ས་གནས་ཀྱི་ཐོན་ཁུངས་ཡག་པོ་སྤྱོད་པ། ས་ཆར་འཚམ་པའི་སྡོང་ཕྲུག་འདེབས་པ། གང་ཞིག་སྐྱེ་སླ་བ་དེ་འདེབས་པ། ནགས་ཁྲོད་དཔལ་འབྱོར་འཚོལ་ཞིབ་ཧུར་ཐག་བྱེད་པ། དཔལ་འབྱོར་ནགས་འདེབས་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཡོང་གང་ཐུབ་བཅས་བྱས་ནས་མང་ཚོགས་ཀྱིས་ཁས་ལེན་པའི་ལྗོན་ཤིང་དང་ལས་བྱེད་པའི་སྤྱོད་གཙང་མཚམས་པའི་ལྗོན་ཤིང་ཡག་པོ་འཛུགས་དགོས། ཤིང་འཛུགས་མཁན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ལས་གྲྭའི་འབྲེལ་ཡོད་བརྙན་པར་དཔྱད་གཞི་འཚོལ་བསྡུ་དང་ཉར་ཚགས་ཡག་པོ་བྱེད་པ། སྐྱེ་ཁམས་སློབ་གསོ་ཟབ་ཏུ་གཏོང་བ་བཅས་བྱས་ནས། མི་ཚང་མས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་པ་དང་སྐུལ་འདེད་པ་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་པར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བོད་ལྗོངས་བོད་སྐྲུན་སྐྱེ་དངོས་ལྕང་སོན་གསོ་སྤེལ་རྟེན་གཞི་ནི་རང་ལྗོངས་ཀྱི་ཐོན་སློབ་ཞིབ་བཅས་གཞི་གཅིག་ཅན་གྱི་ས་མཐོའི་གྲང་ངར་ཐན་འགོག་སྐྱེ་དངོས་ཞིབ་སྤེལ་གསོ་ཚགས་རྟེན་གཞི་ཞིག་ཡིན་ཞིང་། གཙོ་བོ་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ནགས་བཟོའི་ལས་འགན་འཁུར་གྱི་ཡོད་པ་དང་། ད་ཆ་ལོ་འདིའི་སློབ་ཆེན་སློབ་ཐོན་སློབ་མ་བཅུ་གྲངས་ལས་ཀར་བསྡུས་ཡོད། ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་ས་བོན་གསོག་འཇོག་ཁང་དང་ཚོད་ལྟ་ཁང་སོགས་ལ་གཟིགས་ཞིབ་གནང་སྟེ་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་ཉར་ཚགས་དང་། སྡོང་ཕྲུག་འདེམས་གསོ། ཚན་ཞིབ་རྣམ་གྲངས། རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནགས་ལས་དེང་རབས་ཅན་གྱི་ངོས་ནས་བརྗོད་ན་ས་བོན་ནི་རྨང་གཞི་ཡིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་དང་། ས་བབ་མི་འདྲ་བ་དང་གནམ་གཤིས་མི་འདྲ་བར་དམིགས་པ། འགག་སྒྲོལ་ལག་རྩལ་ལ་དམིགས་པ། གསར་གཏོད་བྱེད་ཕོད་པ། འབྱུང་རྩ་ནས་དམ་འཛིན་བྱེད་པ། སོན་བཟང་ཐོན་ཁུངས་འཚོལ་བསྡུ་དང་སྲུང་སྐྱོང་ཡག་པོ་བྱེད་པ། ལྕང་སོན་སྤུས་ལེགས་འདེམས་གསོའི་ལག་རྩལ་ཞིབ་འཇུག་དང་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་སྡོང་ཕྲུག་མཁོ་སྤྲོད་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོ་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་དོན་ལ་ལྕང་སོན་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་སྤེལ་རྟེན་གཞི་ཕྱོགས་སྒྱུར་རིམ་སྤོར་དང་རྒྱ་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ནགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ། ས་གནས་ཀྱི་མི་སེར་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།