དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་ནེ་པ་ལའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཧྲི་ལེ་སི་ཐཱ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ནེ་པ་ལའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཧྲི་ལེ་སི་ཐཱ་དང་མཇལ་འཛོམས་གནང་ཞིང་། འདི་ནི་མཇལ་འཛོམས་གནང་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ནེ་པ་ལའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཧྲི་ལེ་སི་ཐཱ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་པི་ཧྲེ་ནུའུ·ཕུའུ་ཁར·ཧྲི་ལེ་སི་ཐཱ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་ཟླ་བ་ཚེ་རིང་མཛད་སྒོར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྲི་ལེ་སི་ཐཱ་བཅས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་བོད་ལྗོངས་དང་ནེ་པ་ལའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ན་ནིང་ངས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལར་འཚམས་འདྲི་བྱས་པ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་ཡིན། བོད་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ས་བབ་ཀྱི་ལེགས་ཆ་དང་། ས་འབྲེལ་གྱི་ལེགས་ཆ། མི་ཆོས་རིག་གནས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གྱིས་བོད་ཀྱི་འཕེལ་རྒྱས་སྒོ་དབྱེ་དེ་ཀྲུང་ནེའི་འབྲེལ་བ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནེ་པ་ལ་དང་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀྲུང་ནེའི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། དཔལ་འབྱོར་ཚོང་དོན་འགྲོ་འོང་དམ་ཟབ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ཚུན་སྦྲེལ་མཐུད་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཚོང་དོན་ཁྲོམ་ར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཀྲུང་ནེའི་ཚོང་དོན་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་དང་། “ཆུང་ལ་ཕན་པ་ཆེ་བ”ཡི་ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ནེ་པ་ལ་དང་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་ངོ་སྤྲོད་བྱེད་པ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། ཙུང་ལི་གཞོན་པ་ཧྲི་ལེ་སི་ཐཱ་དང་བཅས་པས་བོད་ཀྱི་ས་ཕྱོགས་གང་སར་མང་ཙམ་བསྐྱོད་པ་དང་མང་ཙམ་བལྟས་ཏེ་དེ་བས་མཛེས་སྡུག་དང་། དར་རྒྱས། སྒོ་དབྱེ་བཅས་ཀྱི་ཀྲུང་གོའི་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་དང་། དོན་དངོས། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་ནེ་པ་ལའི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ནས། འཛམ་གླིང་གིས་དེ་བས་ལེགས་པའི་སྒོ་ནས་བོད་ལྗོངས་ཤེས་རྟོགས་དང་བོད་ལྗོངས་འདི་ཉིད་འཛམ་གླིང་ཐོག་མགྱོགས་མྱུར་བསྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཧྲི་ལེ་སི་ཐཱར་གྱིས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་འབྲེལ་བ་དང་། རིག་གནས་སྤེལ་རེས། ཤེས་དཔལ་འགྲོ་འོང་བཅས་ཀྱི་ལོ་རྒྱུས་ཡུན་རིང་ལ་ཕྱིར་དྲན་ཟབ་མོ་གནང་སྟེ། ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཚད་མཐོའི་བསྔགས་བརྗོད་གནང་བ་མ་ཟད། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཕན་འབྲས་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དེ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ལྟ་བུ་ཡིན་པས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོའི་ས་ཁུལ་ཁག་དང་སྤེལ་རེས་དང་འགྲོ་འོང་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད། བོད་ལྗོངས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པས་ནེ་པ་ལས་བོད་རང་སྐྱོང་ལྗོངས་ཀྱི་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་བོད་ལྗོངས་དང་འགྲོ་འོང་སྤེལ་རེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཞིང་ལས། ཡུལ་སྐོར། འགག་སྒོ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།