ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་དོན་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། དོན་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པ་པུའི་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེ་མོ་བ་ཚའོ་ལི་ཡིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་སྟེ། ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། ནང་དོན་གཏིང་ཟབ་ལ་གོ་བདེ་བ་བཅས་ཀྱི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་གསར་མར་འགྲེལ་བཤད་གནད་ལ་འཁེལ་བ་བརྒྱབ་པར། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ལྡན་ལ་ལག་ལེན་གྱི་གཏིང་ཟབ་ཚད་ཀྱང་ལྡན་པས་ཚང་མས་ཐོན་སྐྱེད་ནུས་ཤུགས་གསར་མའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བློ་སྒོ་གསར་པ་ཕྱེ་བ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ལྷོད་མེད་བྱས་པ་ལས་བྱུང་བའི་རྩ་ཆེའི་བསམ་བློའི་ཉིང་བཅུད་ཅིག དེང་རབས་ཀྱི་ཀྲུང་གོ་དང་དུས་རབས་21པའི་འཛམ་གླིང་གི་རིགས་པའི་གཞུང་ལུགས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གྲུབ་འབྲས་གསར་ཤོས་ཤིག་བཅས་རེད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་ཐོན་སྐྱེད་ནུས་ཤུགས་གསར་མའི་ཚན་རིག་གི་ནང་དོན་དང་། དོན་སྙིང་གཙོ་བོ། ངོ་བོའི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱས་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་སྟེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གལ་ཆེའི་དོན་སྙིང་སྟངས་འཛིན་ཡང་དག་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་འགྱུར་མེད་ཀྱི་གནས་ལུགས་ཡིན་པ་རང་རྟོགས་སྒོས་བློ་ལ་བརྟན་པོར་འཆང་བ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། “དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་པ་དང་བོད་ཀྱི་ཁྱད་ཆོས་མངོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བླང་བྱ་སྟངས་འཛིན་ཡང་དག་བྱས་ཏེ། དེ་དང་འཚམ་པའི་ཐོན་སྐྱེད་ཀྱི་འབྲེལ་བ་གསར་མ་ཞིག་གང་ཐུབ་ཆགས་པར་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཚན་རྩལ་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་བཀོད་སྒྲིག་དོན་འཁྱོལ་དང་སྤུས་ལེགས་ཀྱི་ཁེ་ལས་ཁག་གཅིག་བོད་དུ་གཞིས་ཆགས་རྒྱུར་ཇུས་འགོད་དང་བཀོད་སྒྲིག་བྱས་ནས། སྒྱུར་བཅོས་བརྒྱུད་ཤེས་བྱ་དང་། ལག་རྩལ། དོ་དམ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་འཕེལ་བར་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་གསར་གཏོད་ནུས་པ་འཕེལ་བར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་འཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག་”གི་ལམ་རྒྱུད་རྒྱལ་ཁབ་དབར་སྤེལ་རེས་འགྲོ་འོང་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་པ་དང་། སྒོ་དབྱེའི་བགྲོད་ལམ་ཆེན་པོ་དང་། ལས་སྟེགས་ཆེན་པོ། ལྟེ་བ་ཆེན་པོ་བཅས་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མར་ཁྲོམ་ར་ཡངས་པོ་མཁོ་འདོན་བྱེད་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཁེ་ལས་ཀྱིས་བོད་ཀྱི་མིང་བྱང་དེ་བས་མང་བ་གཏོད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ལ་སྐུལ་འདེད་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་རྒྱུན་མཐུད་དེ་འཁོར་རྒྱུག་ཡག་པོ་ཐུབ་པར་བྱེད་པ་དང་། ཤེས་ལྡན་པར་བརྟེན་ནས་རང་སྐྱོང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ། “ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས”ལས་དོན་གཏིང་ཟབ་སྤེལ་བ། དགོས་མཁོ་ཆེ་ལ་ཆེས་དཀོན་པའི་ཤེས་ལྡན་པ་གདན་འདྲེན་པ་དང་གཅིག་སྡུད་བྱེད་པ། ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་ཐུབ་པའི་ལས་ཀའི་ལམ་སྲོལ་ཆགས་པ་བཅས་བྱས་ཏེ། ཤེས་ལྡན་པའི་ནུས་པ་འདོན་སྤེལ་དང་རིན་ཐང་དངོས་སུ་མངོན་ཐུབ་པ་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རིག་ནུས་ཀྱི་འདེགས་སྐྱོར་བྱེད་དགོས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་སྟེ། འགོ་ཁྲིད་ལས་བྱེད་པས་བསམ་གཞིག་གཏིང་ཟབ་དང་། དུས་ཐོག་ཏུ་རྗེས་སྙེག དོན་དངོས་དང་ཟུང་འབྲེལ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་། དེ་བས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་བརྟེན་ནས་གནད་དོན་དངོས་ཐག་གཅོད་ལ་མཛུབ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་ཏན་ཏིག་འགྱུར་བ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་ཁྲོད་རང་ངོས་ལས་དོན་གྱི་ཟུང་འབྲེལ་བྱ་གཞི་དང་འཇུག་གཞི་འཕྱུགས་མེད་བཙལ་ཏེ། ཇི་མ་ཇི་བཞིན་དོན་འཁྱོལ་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་དོན་འཁྱོལ། དམ་པ་དོན་གཉེར་གྱིས་དོན་འཁྱོལ། སྒྲུབ་ཕོད་པ་དང་སྒྲུབ་མཁས་པའི་དོན་འཁྱོལ་བཅས་ལ་དམ་འཛིན་བྱས་ནས། ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་བྱེད་ཐབས་དང་ནུས་པར་ཞིབ་དཔྱད་ཏན་ཏིག་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།