དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

    ལིའུ་ཅང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    ཟླ་3ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

    ཟླ་3ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུཊ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཊ་སྐྲུན་ཧུར་ཐག་བྱེད་དགོས།

     ཟླ་3ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་གཙོ་སྐྱོང་གནང་བ་དང་དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕུལ་བྱུང་གི་འཛུགས་སྐྲུན་པ་ཞིག་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ནས་རང་རྟོགས་ངང་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། བྱེད་ཐབས་གསར་པ་བཅས་སྤྱད་དེ་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་ལེགས་པ། ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། འདུ་ཤེས་གསར་བརྗེས་ཧུར་ཐག་དང་། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་བརྩོན་ལེན། ཉམས་མྱོང་དང་བྱེད་ཐབས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། དུས་བབ་དང་མི་འཚམ་པའི་འདུ་ཤེས་མེད་པར་བཟོ་བ་བཅས་བྱས་ཏེ་ལས་དོན་ཁག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་དག་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ལས་ཀའི་གཙོ་གནད་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པའི་ཐོག་འཇོག་པ་དང་། འགལ་ཟླ་ཤེས་རྟོགས་དང་འདུམ་འགྲིག་བྱ་རྒྱུ་དེ་ལས་ཀའི་རྣམ་པ་གཏོད་པའི་ཚད་བརྒལ་སར་བརྩི་བ། དངོས་གཉེར་གོ་ཆོད་ཀྱི་བསམ་ཕྱོགས་བྱ་ཐབས་དང་ལས་ཀའི་བྱ་ཐབས་སྤྱད་དེ་གནད་དོན་གསར་པ་ཐག་གཅོད་དང་ཚད་བརྒལ་གསར་པ་ཡོང་བ་བཅས་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཐའ་ཚད་དང་མཐར་སོན་བསམ་གཞིག་མཐའ་འཁྱོངས་བྱེད་པ། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་བཅས་བྱས་ཏེ་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་བསྒྲུབས་ཏེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཁྲིམས་ལྟར་ལས་དོན་སྒྲུབ་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ཐོག་ནས་ལས་དོན་ཏན་ཏིག་སྤེལ་བ་དང་། གནད་དོན་ཐག་གཅོད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས། མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་མི་དམངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུས་ཏེ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དམངས་འཚོའི་ཞན་ཆ་ཟམ་མི་ཆད་པར་བསལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་བླ་ན་མེད་པའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་ཤུགས་ཆེན་དར་བ་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོར་མང་ཙམ་སྐྱོད་པ། གནས་ཚུལ་དངོས་བརྟག་དཔྱད་དབྱེ་ཞིབ་བཅས་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཏིང་ཟབ་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་བསམ་ཕྱོགས་དང་མཐོང་རྒྱ་ཆེ་རུ་བཏང་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་འགྲིལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་གཏོང་མཐའ་འཁྱོངས་བྱས་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གསར་གཏོད་བྱེད་མཁན་གྱི་འབད་འཐབ་པ་ཞིག་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་བྱས་རྗེས་གལ་ཆེ་ཤོས་ཤིག་ཏུ་བརྩི་བ་དང་། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་འདོགས་པ། ཕན་འབྲས་དངོས་ཐོན་པ། གྲུབ་འབྲས་དངོས་གཏོད་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ནས་ལོ་རྒྱུས་དང་མི་དམངས་ཆེད་འགན་འཁྲི་དངོས་འབྲེལ་འཁུར་ཐུབ་པ་བྱེད་དགོས། རང་འགན་གཙང་སྒྲུབ་དང་། ཐེག་པ་འཁུར་ལེན། ཁུར་པོ་ལྕི་ཤོས་འཁུར་ཕོད་པ། དཀའ་བ་དང་དུ་ལེན་ཕོད་པ། རྙོག་དྲར་མི་འཛེམས་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས“མིག་དཔེ་དྲུག”དངོས་འབྲེལ་ཐུབ་པར་བྱེད་དགོས། དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་། འཇོན་ཐང་མི་འདང་བའི་སེམས་ཁྲལ་གྱི་འདུ་ཤེས་ཡོད་དགོས་པ། ཤེས་བྱ་གསར་པ་སློབ་སྦྱོང་དང་འཇོན་ཐང་གསར་པ་ཁོང་དུ་ཆུད་པར་བྱེད་པའི་རང་རྟོགས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལག་ལེན་ཁྲོད་ཤེས་བྱ་སྦྱོང་བ་དང་གནས་ལུགས་རྟོགས་པར་གཙིགས་ཆེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོ་ཁྲིད་མཁན་དང་སྐུལ་འདེད་གཏོང་མཁན་གྱི་འཇོན་ཐང་ཅན་དུ་ཧུར་ཐག་འགྱུར་བར་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་བྱས་ཏེ་ཉམས་སད་ཐེག་པའི་སྤྱོད་ཚུལ་གྱི་ཐོག་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་བ། དུས་རྟག་ཏུ་རང་གཅེས་རང་བརྟག་བྱེད་པ། དད་སེམས་དང་། ཀུན་སྤྱོད། བཅའ་ཁྲིམས་དང་སྒྲིག་ཁྲིམས་བཅས་ཀྱི་འགོག་སྲུང་བརྟན་དུ་གཏོང་བ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།