དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    ཚེས་25ཉིན། རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོར་བརྩི་བ་དང་། རྨོངས་ཚོད་ཀྱིས་གཞན་གྱི་རྗེས་སུ་མི་འབྲང་བ། ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། འཕེལ་རྒྱས་ཀྱི་ཆ་རྐྱེན་བཅས་ལ་དམིགས་པ། དགེ་སྤེལ་སྐྱོན་སྤང་དང་འགག་རྩར་སྟངས་འཛིན་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ། བྱ་བ་ཚང་མར་དམ་འཛིན་ཡག་པོ་དང་ཉིན་ལྟར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཟབ་གཏོད་བྱེད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྣོན་དགོས།

    ཡན་ཅིན་ཧའེ་ཡིས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། མིག་སྔར། བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དུས་སུ་གནས་ཡོད་པས་ཆབ་སྲིད་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། མི་འབོར་གྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་མཉམ་དུ་འདོན་བཞིན་ཡོད། ཚུགས་གནས་མཐོ་རུ་གཏོང་བ་དང་། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། རང་འགན་གཙང་སྒྲུབ་ནན་ཏན། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇུས་འགོད། ད་ལོའི་གཙོ་གནད་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་རྗེས་དང་ཕན་འབྲས་ལ་བརྟེན་པ་བཅས་བྱས་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། འཐབ་ཇུས་ནུས་སྐྱེད་ལ་སྟངས་འཛིན་ཡག་པོ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་དང་དེ་མཚུངས་ཀྱི་ལེ་ལག་ཚང་བའི་དེང་རབས་ཀྱི་ཐོན་སྐྱེད་གཙོ་རྒྱུ་སྔོན་ཚུད་ནས་ཇུས་འགོད། བཀོད་ཇུས་གལ་ཆེན་དང་། ལས་གྲྭ་གལ་ཆེན། ལས་སྟེགས་གལ་ཆེན། རྣམ་གྲངས་གལ་ཆེན། སྒྱུར་བཅོས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་ཁག་གཅིག་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འདོན་པ་བཅས་བྱས་ཏེ་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་ལ་དམ་པོར་དམིགས་ནས་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་ཀྱི་ལས་དོན་ཆེན་པོ་འདི་ཡག་པོ་སྒྲུབ་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པ་ནི་སྤྱི་ཡོངས་དང་རྒྱང་རིང་དང་འབྲེལ་བ་ཡོད་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་གལ་ཆེན་ཞིག་རེད། སྲིད་ཇུས་ཞིབ་འཇུག་དང་། སྒྱུར་བཅོས་གསར་གཏོད། ཚོད་ལྟ་སྐུལ་འདེད། ཉམས་མྱོང་ཕྱོགས་སྡོམ། ཕན་འབྲས་མཇུག་འདེད་བཅས་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་ནན་པོ་བྱས་ཏེ་གསར་གཏོད་ཐུབ་པ་དང་། བཀྲག་མདངས་རྒྱས་པ། ཕན་འབྲས་ཐོན་པ་བཅས་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།